འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ཨ་རིའི་ཁེ་ལས་ཀྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་བཏང་བ།

    "ལ་སི་ཝུའེ་ཅ་སིའི་ཀྲུང་གོའི་མཚན་མོའི"བྱེད་སྒོ་བསྐྱར་དུ་སྤེལ་ནས།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་12ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཨ་རིའི་ལ་སི་ཝུའེ་ཅ་སིའི་འཛད་སྤྱོད་གློག་རྡུལ་འགྲེམས་སྟོན་(CES)འགོ་ཚུགས་ཉེའི་སྐབས་ལ། ཅིའུ་ཅིན་ཧྲན་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གིས་ཀྲུང་གོའི་གློག་རྡུལ་ཆ་འཕྲིན་དངོས་མང་སྟོན་ཚོགས་སྒྲིག་འཛུགས་ཨུ་ལྷན་དང་མཉམ་དུ་གཙོ་གཉེར་བྱས་པའི་2018ལོའི“ལ་སི་ཝུའེ་ཅ་སིའི་ཀྲུང་གོའི་མཚན་མོའི”བྱེད་སྒོ་ཚེས་8ཉིན་གྱི་དགོང་མོ་ལ་སི་ཝུའེ་ཅ་སིར་འཚོགས་པ་རེད།
         འདི་ལོའི་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི“ལས་རིགས་མདུན་གྲལ་གྱི་འཕེལ་ཕྱོགས་ལ་རྒྱང་ལྟ་བྱས་ནས་ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་ཞིབ་གླིང་བྱེད”ཅེས་པ་དེ་ཡིན་པ་དང་། ཧྭ་ཝུའེ་དང་། ཝུའེ་རོན། པི་ཡ་ཏི། ཀའོ་ཐུང་སོགས་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་གྲགས་ཅན་ཁེ་ལས་ནས་ཡོང་བའི་ཁེ་ལས་མཁས་པ་དང་ལག་རྩལ་འཇོན་ཐང་ཅན་300ཙམ་ཞུགས་ཡོད། ཚོགས་ཞུགས་པ་ཚོས་མི་ཐབས་རིག་ནུས་དང་། རིག་ནུས་བཟོ་སྐྲུན། ཟོག་འགྲེམས་དྲ་སྦྲེལ། དོན་དངོས་རྟོག་བཟོ་སོགས་ཐད་ཉམས་མྱོང་མཉམ་སྤྱོད་བྱས་ཏེ་འབྱུང་འགྱུར་ལ་རྒྱང་ལྟ་བྱས་ནས་མི་དང་འཕྲུལ་ཆས་དབར་གྱི་མཉམ་འགུལ་གསར་བརྗེས་འཛད་སྤྱོད་གློག་རྡུལ་ལས་རིགས་ལ་ཤུགས་རྐྱེན་ཐེབས་པའི་སྐོར་ལ་གྲོས་བསྡུར་ཡང་བྱས་པ་རེད།
         ཅིའུ་ཅིན་ཧྲན་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གི་སྤྱི་ཁྱབ་ཁེ་སྐྱོང་བ་གཞོན་པ་རེན་ཧྥ་ཆང་གིས་ཤིས་ཚིག་ནང་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ལ་ཐུན་མོང་གི་ཁེ་ཕན་དང་མཉམ་ལས་བྱེད་པའི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་པས། གཉིས་ཁེ་གཉིས་ཕན་ཡོང་བའི་མཉམ་ལས་རོགས་ཟླ་ཞིག་ཡིན། “འདི་ལོའི་CESའགྲེམས་སྟོན་ལ་མངོན་གསལ་དོད་པའི་ཁྱད་ཆོས་ཤིག་ཡོད། དེ་ནི་ཀྲུང་གོའི་ཁེ་ལས་ཀྱིས་རང་རྟེན་གསར་གཏོད་ཀྱི་གྲུབ་འབྲས་མང་པོ་ཁྱེར་ཡོད་པ་དེ་ཡིན། ཀྲུང་གོའི་ཁེ་ལས་ཀྱི་རང་རྟེན་གསར་གཏོད་དང་རང་རྟེན་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱས་པ་དེས། ཕྱོགས་གཅིག་ནས་ཀྲུང་གོ་ཉིད་རྩེར་སོན་དང་གྲུབ་འབྲས་སྔར་ལས་ལྷག་པ་ལྡན་པའི་འཛམ་གླིང་བཟོ་གྲྭ་ཞིག་ཏུ་གྱུར་པ་དང་། ཕྱོགས་གཞན་ཞིག་ནས་ཀྲུང་གོ་ཉིད་འཛམ་གླིང་གི་མཐོ་གསར་ལག་རྩལ་གྱི་འབྱུང་གནས་ཤིག་ཏུའང་གྱུར་ཡོད། ཀྲུང་གོའི་ལན་པར་དེ་ཀྲུང་གོས་གསར་བཟོ་བྱེད་པ་དང་ཀྲུང་གོའི་བློ་གྲོས་ལ་རྟེན་ནས་བཟོས་པའི་གོམ་སྟབས་ཆེན་པོ་ཞིག་སྤོས་དང་སྤོ་བཞིན་ཡོད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།