འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།སྣོད་བཅུད་ཁོར་ཡུག་གཏོར་སྐྱོན་བཏང་བར་གུན་གསབ་འཇལ་བའི་ལམ་ལུགས་སྒྱུར་བཅོས་ཇུས་
    གཞི་ལག་བསྟར་དོན་འཁྱོལ་བྱེད་པའི་བརྙན་ལམ་ཚོགས་འདུ་འཚོགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་12ཉིན། 14:09】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན། ཁོར་ཡུག་སྲུང་སྐྱོང་པུས་པེ་ཅིང་དུ་སྣོད་བཅུད་ཁོར་ཡུག་གཏོར་སྐྱོན་བཏང་བར་གུན་གསབ་འཇལ་བའི་ལམ་ལུགས་སྒྱུར་བཅོས་ཇུས་གཞི་ལག་བསྟར་དོན་འཁྱོལ་བྱེད་པའི་བརྙན་ལམ་ཚོགས་འདུ་འཚོགས་ནས་སྣོད་བཅུད་ཁོར་ཡུག་གཏོར་སྐྱོན་བཏང་བར་གུན་གསབ་འཇལ་བའི་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད།
          གོམ་སྟབས་རྗེས་མར་ཁོར་ཡུག་སྲུང་སྐྱོང་པུས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་སྤེལ་འགོ་འཛུགས་པ་དང་། ལག་ལེན་བསྟར་བ། དོན་འཁྱོལ་གཏིང་ཟབ་བཅས་དུས་མཚམས་གསུམ་དུ་ཕྱེ་ནས་ས་གནས་ཁག་གིས་ལག་བསྟར་ཇུས་གཞི་བཟོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། 2018ལོའི་ཟླ་བ་དྲུག་པའི་ཟླ་མཇུག་གོང་སྒྱུར་བཅོས་འགོ་ཁྲིད་ཚོགས་ཆུང་སྒྲིག་འཛུགས་བྱས་ནས་གུན་གསབ་ཁེ་དབང་ལྡན་མཁན་དང་དེའི་དམིགས་འཛུགས་ཀྱི་འབྲེལ་ཡོད་སྡེ་ཚན་ནམ་ཡང་ན་སྒྲིག་གཞིའི་མི་སྣ་དང་ལས་ཀའི་བརྒྱུད་རིམ་ཁ་གསལ་བཟོས་ནས་སྲིད་འཛིན་ས་ཁོངས་དེའི་སྒྱུར་བཅོས་ལག་བསྟར་གྱི་ཇུས་གཞི་བཀྲམ་སྟེ་སྣོད་བཅུད་ཁོར་ཡུག་གཏོར་སྐྱོན་བཏང་བར་གུན་གསབ་འཇལ་བའི་ཁྱབ་ཁོངས་སྔར་བས་ཁ་གསལ་དུ་གཏོང་རྒྱུ། 2018ལོའི་ཟླ་བ་བདུན་པའི་རྗེས་སུ་བྱེད་ཐབས་ཧུར་ཐག་སྤྱད་དེ་སྣོད་བཅུད་ཁོར་ཡུག་གཏོར་སྐྱོན་བཏང་བར་གུན་གསབ་འཇལ་བའི་ལས་དོན་སྤེལ་རྒྱུ་དང་ཆབས་ཅིག་ལེ་ལག་ཚང་བའི་ཡིག་ཆ་བཟོ་བ་དང་ལག་བསྟར་ལས་དོན་ཡག་པོ་བསྒྲུབ་རྒྱུ། 2020ལོའི་རྗེས་སུ་སྣོད་བཅུད་ཁོར་ཡུག་གཏོར་སྐྱོན་བཏང་བར་གུན་གསབ་འཇལ་བའི་ལས་དོན་གཏིང་ཟབ་སྤེལ་ནས་འབྲེལ་ཡོད་ཕྱོགས་ཀྱིས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་གྱི་སྲིད་ཇུས་བཟོ་བཅོས་རྒྱག་རྒྱུར་སྐུལ་འདེད་བཏང་སྟེ་ས་གནས་ཀྱི་སྒྱུར་བཅོས་ལག་ལེན་ལ་སྔར་བས་མཛུབ་ཁྲིད་བྱ་རྒྱུ་བཅས་རེད།
          ཁོར་ཡུག་སྲུང་སྐྱོང་པུས་ཕྱོགས་གསུམ་ཐད་ཀྱི་ལས་ཀར་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱ་རྒྱུ་སྟེ། གཅིག་ནས་སྒྱུར་བཅོས་ལས་སྒོར་མཛུབ་ཁྲིད་དང་རྗེས་སྙེག་སྐུལ་འདེད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ཡིན་ཞིང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། ཁྲིམས་འཛིན་པུའུ་སོགས་འབྲེལ་ཡོད་ལས་སྒོར་མཛུབ་ཁྲིད་བྱེད་མཁན་སྡེ་ཚན་དང་མཉམ་དུ་ཚོད་ལྟ་བྱེད་རིང་ས་ཁུལ་ཁག་ལ་འཕྲད་པའི་གནད་དོན་ཐག་གཅོད་རྒྱུར་སྐུལ་འདེད་གཏོང་རྒྱུ་མ་ཟད། ས་གནས་ཁག་གི་སྣོད་བཅུད་ཁོར་ཡུག་གཏོར་སྐྱོན་བཏང་བར་གུན་གསབ་འཇལ་བའི་ལམ་ལུགས་སྒྱུར་བཅོས་ཀྱི་འཕེལ་རིམ་གནས་ཚུལ་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་པུའུ་ཡི་ལྟ་བཤེར་ཁྱབ་ཁོངས་སུ་འཇུག་རྒྱུ་དང་། གཉིས་ནས་སྣོད་བཅུད་ཁོར་ཡུག་གཏོར་སྐྱོན་གྱི་གུན་གསབ་འཇལ་བར་ལག་རྩལ་གྱི་འགན་ལེན་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞིང་། ཁོར་ཡུག་ལ་གཏོར་སྐྱོན་ཕོག་པར་གསལ་འབྱེད་དཔྱད་དཔོག་བྱེད་པའི་ལག་རྩལ་མ་ལག་མུ་མཐུད་འཐུས་ཚང་ཡོང་བ་བྱས་ནས་ས་རྒྱུ་དང་། ས་འོག་ཆུ། སྦགས་བཙོག་དངོས་པོ་བཅས་ཀྱི་ངོ་བོར་དབྱེ་འབྱེད་བྱེད་པ་སོགས་ཐད་ཀྱི་གསལ་འབྱེད་དཔྱད་དཔོག་ལག་རྩལ་གྱི་ཚད་གཞི་ཞིབ་འཇུག་བྱས་ནས་བཟོ་རྒྱུ་རེད། ཁྲིམས་འཛིན་སྡེ་ཚན་དང་མཉམ་དུ་རྒྱལ་ཡོངས་ཀྱི་ཁོར་ཡུག་གཏོར་སྐྱོན་བཏང་བར་ཁྲིམས་འཛིན་གསལ་འབྱེད་སྒྲིག་གཞིའི་ཐོ་འགོད་ཞིབ་དཔྱད་ཀྱི་རིགས་གཅིག་མཁས་ཅན་གྱི་རྒྱལ་ཁབ་མཛོད་བསྐྲུན་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་ནས་ས་གནས་མཛོད་འཛུགས་རྒྱུར་མཛུབ་ཁྲིད་བྱ་རྒྱུ། གསུམ་ནས་འབྲེལ་ཡོད་ཁྲིམས་འཛུགས་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་སྣོད་བཅུད་ཁོར་ཡུག་གཏོར་སྐྱོན་བཏང་བར་གུན་གསབ་འཇལ་བའི་གཞི་རྩའི་སྒྲིག་སྲོལ་གཏན་འཁེལ་བྱ་རྒྱུ་བཅས་སོ།
      

    ཕྱོགས་བསྡུས་གསར་འགྱུར།