འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲུང་ཆིང་ཡིའུ་དབྱང་གིས"ཐོན་ལས་དང་དངུལ་རྩ་ཟུང་འབྲེལ"བྱས་ཏེ་དུད་ཚང་དབུལ་པོའི་
    དབུལ་སྒྲོལ་དཀའ་གནད་བསལ་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་12ཉིན། 14:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཁྲུང་ཆིང་གྲོང་ཁྱེར་ཡིའུ་དབྱང་རྫོང་ཏཱ་ཅང་གྲོང་ཚོའི་གྲོང་མི་ཐེན་ཅིང་ཀའོ་ཡི་ཁྱིམ་དེ་སྔ་དུད་ཚང་དབུལ་པོ་ཡིན་མོད། ལོ་4ཡི་གོང་ཡུལ་དེ་གའི་གཡེར་མའི་སྣེ་འདྲེན་ཁེ་ལས་དང་གཡེར་མ་འདེབས་འཛུགས་ཀྱི་གན་རྒྱ་བཞག་རྗེས་ཁོང་གིས་དབུལ་སྐྱོར་དངུལ་བུན་སྒོར་ཁྲི་4གཡར་ནས་གཡེར་མ་འདེབས་ཁྱོན་མུའུ་10བར་ཆེ་རུ་བཏང་བས། ད་ཆ་ལོ་རེར་ཡོང་འབབ་སྒོར་ཁྲི་4ཙམ་ཡོང་གི་ཡོད་པས་ཐེན་ཅིང་ཀའོ་བདེ་བླག་ངང་དབུལ་སྒྲོལ་ཐུབ་ཡོད་པ་རེད།
         དབུལ་སྐྱོར་དངུལ་བུན་གྱིས་ཐོན་ལས་འདེགས་སྐྱོར་ལ་གཞོགས་འདེགས་བྱས་ཏེ་ཐེན་ཅིང་ཀའོ་དབུལ་སྒྲོལ་ཐུབ་རྒྱུར་རམ་འདེགས་ནུས་ལྡན་ཐུབ་མོད། ཡིན་ནའང་དུས་ཡུན་རིང་པོའི་ནང་ཞིང་པར་ཁག་ཐེག་དང་གཏའ་མ་མེད་པར་བརྟེན་དངུལ་གཡར་དཀའ་བར་གྱུར་ཏེ་དབུལ་སྒྲོལ་ཐད་མ་དངུལ་འདང་གི་མེད། མི་དམངས་དངུལ་ཁང་ཡིའུ་དབྱང་རྫོང་ཉིང་ལག་དངུལ་ཁང་གི་ཧང་ཀྲང་ལེང་ཐུང་ཞང་གིས་ཡིའུ་དབྱང་དངུལ་ཁང་ལས་རིགས་སྒྲིག་གཞིས་ནུས་ཤུགས་ཡོད་རྒུས་ཡིག་ཚགས་བཟོས་པའི་དུད་ཚང་དབུལ་པོར“ལོ་3ནང་ཁག་ཐེག་དང་གཏའ་མ་མི་དགོས་པ་དང་གཞི་རྩའི་སྐྱེད་ཀ་ནོར་སྲིད་ནས་སྤྲོད་པའི་སྒོར་ཁྲི་5མན”གྱི་དབུལ་སྐྱོར་གྱི་འབོར་ཉུང་ཡིད་རྟོན་དངུལ་བུན་གཡར་ཡོད། 2017ལོའི་ལོ་མཇུག་བར་རིམ་རྩིས་བྱས་ན་གཱ་བཟོས་པའི་དུད་ཚང་དབུལ་པོ་3033ལ་དངུལ་བུན་སྒོར་དུང་ཕྱུར་1.01གཡར་བས། མི་འབོར་དབུལ་པོ་11749ལ་ཕན་པ་ཐོབ་ཅིང་། ཤང་དང་གྲོང་རྡལ(ཁྲོམ་གཞུང)39ཁྱོན་ཡོངས་ལ་ཁྱབ་ཡོད་ཅེས་བཤད།
         ངོ་སྤྲོད་བྱས་པར་གཞིགས་ན། ད་ཕན་ལོ་ཤས་རིང་ཡིའུ་དབྱང་གིས་ད་དུང་སྔོན་གཡར་རྗེས་སྐྱི་དང་། བསྐྱིས་ནས་བུན་འཇལ། གཡར་སྐྱི་ཕན་སྐུལ་བཅས་ཀྱི་དངུལ་རྩའི་དབུལ་སྐྱོར་གྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་པས་ཁ་གསབ་རྣམས་བུན་གཡར་ལ་གྱུར་པ་དང་འཚོ་བའི་རོགས་སྐྱོར་དག་ཐོན་སྐྱེད་རྣམ་པའི་རོགས་སྐྱོར་བྱ་ཐབས་ལ་གྱུར་ཡོད།
         ཐོན་ལས་ཐད། གཡེར་མ་དང་། ར། སྣུམ་ལྡན་ཇ་ཤིང་། སྦྲང་རྩི་སོགས་ཁྱད་ལྡན་ཕན་འབྲས་ཐོན་པའི་ཞིང་ལས་འཕེལ་རྒྱས་མྱུར་པོ་ཕྱིན་ནས་དུད་ཚང་དབུལ་པོ་དབུལ་སྒྲོལ་འབབ་འཕར་ཡོང་རྒྱུར་སྲ་ཞིང་བརྟན་པའི་ཐོན་ལས་ཀྱི་འདེགས་སྐྱོར་ཐུབ་ཡོད། ཡུལ་དེ་གའི་ཞིང་ལས་སྣེ་འདྲེན་ཁེ་ལས་སྟེ། ཁྲུང་ཆིང་ཧོ་ཤིན་ཞིང་ལས་ཀུང་སིས་ལོ་ལྟར་གཅིག་གྱུར་ཐོག་རྫོང་དེ་ཡོངས་སུ་གཡེར་མ་བསྡུ་བ་དང་། ལས་སྣོན། འཚོང་བ་བཅས་བྱས་པར་ལོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་གཅིག་ལས་བརྒལ་བ་དང་ཞིང་པ་ཁྲི་2འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་ཐུབ་ཡོད། དེའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་1000ལྷག་ཙམ་ཡོད་པ་རེད། ཐེན་ཅིང་ཀའོ་དང་འདྲ་བའི་དུད་ཚང་དབུལ་པོ་མང་པོ་ཞིག“ཐོན་ལས་དང་དངུལ་རྩ་ཟུང་འབྲེལ”གྱི་བྱ་ཐབས་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་བྱུང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།