འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་མཚམས་སྒྲོལ་བའི་གཅེས་སེམས།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་12ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།རྒྱལ་མཚམས་སྒྲོལ་བའི་གཅེས་སེམས།
         མི་དམངས་དྲ་བའི་འཕྲིན། ལོ་11ལ་སླེབས་པའི་ནེ་པ་ལ་ནས་ཡིན་པའི་ཕྲུ་གུ་ཧྥ་ལེ་ཡར་གྱི་མིག་གཉིས་ལ་ལྷན་སྐྱེས་སྐྱ་འགྲིབ་ནད་ཕོག་པ་དང་མིག་གཡས་པའི་མཐོང་བྱེད་བར་སྐྱི་ཡུན་རིང་བུད་ནས་མཐོང་ཐུབ་ཀྱི་མེད།
         ནད་པ་དེ་2017ལོའི་ཟླ་10པར་ཨན་ཧུའེ་ཐན་ཁྲང་གྲོང་ཁྱེར་རྒྱལ་སྤྱིའི་དང་བླངས་པ་ཀྲང་ཡིའུ་དབྱི་ཡིས་ནེ་པ་ལའི་པོ་ལ་ཁ་གྲོང་ཁྱེར་གྱི་གྲོང་གསེབ་ཞིག་ནས་མཐོང་སྟེ་དེའི་འབྲེལ་ཡོད་གནས་ཚུལ་ཨན་ཧུའེ་ཞིང་ཆེན་གྱི་གཅེས་སེམས་མི་སྣའི་སྐད་འཕྲིན་ཚོགས་པ་ཞིག་ནང་བསྐུར་ནས་གཞན་གྱི་རོགས་རམ་ཐོབ་རྒྱུའི་རེ་བ་བྱས། ཧོ་ཧྥེ་ཕུའུ་རུའེ་མིག་ནད་སྨན་ཁང་གི་མིག་སྐྱིའི་མཛོད་ཀྱི་ཀྲུའུ་རེན་ཆུས་ཀྲེ་གོ་ཡིས་རོགས་སྐྱོར་རེ་ཞུ་དེ་མཐོང་རྗེས་ཕྲུ་གུ་དེར་སྨན་རིན་མི་དགོས་པར་སྨན་བཅོས་བྱ་རྒྱུའི་མོས་མཐུན་བྱས། ནེ་པ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་རོགས་རམ་འོག་ཕྲུ་གུ་དེར་ཀྲུང་གོར་ཡོང་བའི་ཐོངས་མཆན་མགྱོགས་མྱུར་རག་པ་དང་ཀྲུང་གོ་ཤར་ཕྱོགས་མཁའ་འགྲུལ་ཀུང་སིས་ཧྥ་ལི་ཡར་བསྡད་པའི་དུས་གཏན་གནམ་གྲུ་དེ་གཅེས་སེམས་གནམ་གྲུར་བརྩིས་ནས་འགན་ལེན་གང་ལེགས་བྱས་པ་དང་འབྲེལ་ཟླ་1ཚེས་7ཉིན་ཧོ་ཧྥེར་འབྱོར། སྨན་ཁང་གིས་ཕྲུ་གུ་དེའི་སྨན་རིན་རྩ་ཆག་བཏང་བ་མ་ཟད། ཕྲུ་གུ་དང་ཁོང་གི་གཅེན་མོ་ཕྱིར་ལོག་སྐབས་ཀྱི་འགྲོ་གྲོན་དག་ལས་མི་སྐུལ་སློང་བྱས་ནས་ཞལ་འདེབས་བརྒྱབ་པ་རེད། གོང་གི་པར་རིས་ནི་སྨན་པས་ནེ་པ་ལ་ནས་ཡིན་པའི་ཕྲུ་གུ་ཧྥ་ལི་ཡར་ལ་གཤགས་བཅོས་མ་བྱས་གོང་གི་གྲ་སྒྲིག་བྱེད་པའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།