འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་གཞི་རྩའི་མཁའ་འགྲུལ་ཞབས་ཞུའི་འཆར་གཞི་སྔོན་ལ་ཚོད་ལྟ་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་10ཉིན། 12:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་ནས་ཤེས་རྟོགས་བྱུང་བར། ཐག་རིང་ལུང་ཁུག་ས་ཁུལ་གྱི་མང་ཚོགས་ཚོའི་ཕྱིར་སྐྱོད་ཆ་རྐྱེན་ལེགས་སུ་གཏོང་ཆེད། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་2018ལོར་མཚོ་སྔོན་ཞིང་ཆེན་དུ་གཞི་རྩའི་མཁའ་འགྲུལ་ཞབས་ཞུའི་འཆར་གཞིའི་ཚོད་ལྟ་བྱ་རྒྱུ་ཡིན་པ་དེ་ནི་རྒྱལ་ཡོངས་སུ་ཚོད་ལྟ་དེ་རིགས་བྱེད་ཐེངས་དང་པོ་ཡིན་པ་རེད།
         གཞི་རྩའི་མཁའ་འགྲུལ་ཞབས་ཞུའི་འཆར་གཞིའི་དམིགས་ཡུལ་ནི་ཐག་རིང་ལུང་ཁུག་ས་ཁུལ་གྱི་མང་ཚོགས་ཚོའི་རྒྱུན་གཏན་གྱི་ཕྱིར་སྐྱོད་དགོས་མཁོ་འགན་ལེན་བྱ་རྒྱུ་དེ་ཡིན་པ་དང་། དེ་ཡང་སྲིད་གཞུང་གི་མ་དངུལ་ཁ་གསབ་དང་སྲིད་ཇུས་ཀྱི་འདེགས་སྐྱོར་སོགས་བྱ་ཐབས་བརྒྱུད། མཁའ་འགྲུལ་སྐྱེལ་འདྲེན་ཁེ་ལས་ཀྱིས་ཐག་རིང་ལུང་ཁུག་ས་ཁུལ་ལ་ཤར་གཏོང་གི་མཁའ་ལམ་དང་དུས་གཏན་གནམ་གྲུ་གཉེར་རྒྱུར་རྒྱབ་སྐྱོར་བྱས་ནས། ཐག་རིང་ལུང་ཁུག་ས་ཁུལ་དེ་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་ནང་་འཇུག་པའི་བྱ་ཐབས་གལ་ཆེན་ཞིག་རེད།
         དམངས་སྤྱོད་མཁའ་འགྲུལ་ཅུས་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཉེ་ཆར་ཡོངས་བསྒྲགས་བྱས་པའི་《མཚོ་སྔོན་ཞིང་ཆེན་དུ་གཞི་རྩའི་མཁའ་འགྲུལ་ཞབས་ཞུའི་འཆར་གཞིའི་ཚོད་ལྟའི་ལས་དོན་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོར་》གཞིགས་ནས། ད་ཐེངས་ཀྱི་ཚོད་ལྟ་དེ་མཚོ་སྔོན་གྱིས་དེ་གོང་ཁྱབ་གདལ་བཏང་བའི“མཁའ་འགྲུལ་གྱི་སྤ་སེའི་རིན་གོང་གཅོག་པའི”བྱེད་སྟངས་ཀྱི་རྨང་གཞིའི་ཐོག་གཏེར་ལེན་ཁ་དང་། མགོ་ལོག གསར་སྐྲུན་བྱས་པའི་ཆུ་ལེན་སོགས་ཡན་ལག་ལམ་ཐིག་གི་གནམ་ཐང་ཚོད་ལྟའི་ཁྱབ་ཁོངས་ལ་བརྩི་རྒྱུ་ཡིན་པ་དང་། ཚོད་ལྟར་མཁོ་བའི་སྲིད་གཞུང་གི་ཁ་གསབ་མ་དངུལ་ཆ་ཤས་ཤིག་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་ད་ཡོད་ཀྱི་ལམ་སྲོལ་འོག་གྲབས་གསོག་བཀོད་སྒྲིག་བྱ་རྒྱུ་དང་། ཆ་ཤས་གཞན་དག་གནམ་ཐང་གནས་ཡུལ་སྲིད་གཞུང་གིས་གྲབས་གསོག་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།