འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།འགན་བཅོལ་ལྟ་སྐུལ་ཨུ་ལྷན་གྱིས་འགན་བཅོལ་འཛིན་ཤོག་དུས་ཚད་མ་ཐིམ་པར་དངུལ་
    སྨར་ལ་བརྗེ་བའི་ཚོད་ལྟའི་ལས་དོན་ལ་སྐུལ་ལྕག་བཏང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་10ཉིན། 13:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་8ཉིན། འགན་བཅོལ་འཛིན་ཤོག་དུས་ཚད་མ་ཐིམ་པར་དངུལ་ལ་བརྗེ་བའི་ཉོ་ཚོང་བྱ་སྤྱོད་ཚད་ལྡན་དུ་བཏང་སྟེ་འགན་བཅོལ་འཛིན་ཤོག་དུས་ཚད་མ་ཐིམ་པར་དངུལ་སྨར་ལ་བརྗེ་བའི་ཁྲོམ་ར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། ཀྲུང་གོ་འགན་བཅོལ་ལྟ་སྐུལ་ཨུ་ལྷན་གྱིས་《མི་ལུས་འགན་བཅོལ་གྱི་འཛིན་ཤོག་དུས་ཚད་མ་ཐིམ་པར་དངུལ་སྨར་ལ་བརྗེ་བའི་ལས་སྒོའི་ཚོད་ལྟའི་དོ་དམ་བྱ་ཐབས(བསམ་འཆར་བསྡུ་ལེན་མ་ཟིན)》འཆར་ཟིན་བཀོད་པ་མ་ཟད་ཟླ་1ཚེས་8ཉིན་སྤྱི་ཚོགས་ཡོངས་ལ་བསམ་འཆར་བསྡུ་ལེན་བྱས་པ་རེད།
         འགན་བཅོལ་འཛིན་ཤོག་དུས་ཚད་མ་ཐིམ་པར་དངུལ་སྨར་ལ་བརྗེ་བ་ནི་ཨ་རི་ནས་ཐོན་ཞིང་། དེའི་འཁོར་རྒྱུག་བྱེད་སྟངས་ནི་འགན་བཅོལ་འཛིན་ཤོག་གི་བདག་པོས་མི་ལུས་འགན་བཅོལ་གྱི་འཛིན་ཤོག་རིན་གོང་བཅག་པའི་བྱ་ཐབས་ཐོག་ནས་འགན་བཅོལ་འཛིན་ཤོག་དུས་ཚད་མ་ཐིམ་པར་དངུལ་སྨར་ལ་བརྗེ་བའི་ཀུང་སི་བརྒྱུད་མ་འཇོག་མཁན་ལ་བཙོངས་ཏེ་འཕྲལ་དུ་དངུལ་སྨར་རག་ཐབས་བྱེད་པ་དང་། མ་འཇོག་མཁན་གྱིས་མུ་མཐུད་ནས་ལོ་འཁོར་རྗེས་མའི་འགན་བཅོལ་འགྲོ་གྲོན་འཇལ་བ་དང་འགན་བཅོལ་ལེན་མཁན་འཆི་བའམ་ལས་འཛོལ་ཐོན་ཚེ་འགན་བཅོལ་ཀུང་སིས་འགན་བཅོལ་མ་དངུལ་དེ་དག་མ་འཇོག་མཁན་ལ་སྤྲོད་པ་ཞིག་ཡིན།
         《བསམ་འཆར་བསྡུ་ལེན་མ་ཟིན་》ནང་འགན་བཅོལ་འཛིན་ཤོག་དུས་ཚད་མ་ཐིམ་པར་དངུལ་སྨར་ལ་བརྗེ་བའི་ལས་སྒོ་ཚོད་ལྟ་བྱེད་རིང་། འགན་བཅོལ་འཛིན་ཡིག་གི་མ་འཇོག་མཁན་གྱིས་རང་ལ་དབང་བའི་མ་དངུལ་ཁོ་ན་སྤྱད་དེ་ལས་སྒོ་གཉེར་དགོས་པ་དང་། སྒྲིག་གཞིའི་མ་འཇོག་མཁན་ལ་དབང་བའི་མ་དངུལ་ནི་དངོས་ཡོད་རྒྱུ་ནོར་ཁོ་ན་ཡིན་དགོས། དངུལ་སྨར་ལ་བརྗེས་ཟིན་པའི་འགན་བཅོལ་འཛིན་ཡིག་དེ་སླར་ཡང་བརྒྱུད་བཤུག་གམ་ཡང་ན་དངུལ་སྨར་ལ་བརྗེ་མི་ཆོག་པའི་གཏན་འབེབས་བྱས་ཡོད།
         《བསམ་འཆར་བསྡུ་ལེན་མ་ཟིན་》ནང་ད་དུང་འགན་བཅོལ་འཛིན་ཤོག་དུས་ཚད་མ་ཐིམ་པར་དངུལ་སྨར་ལ་བརྗེ་བའི་སྒྲིག་གཞིས་འགན་བཅོལ་འཛིན་ཤོག་དུས་ཚད་མ་ཐིམ་པར་དངུལ་སྨར་ལ་བརྗེ་བའི་གན་རྒྱ་འཇོག་ཡུལ་དུ་དུས་མཚུངས་སུ་སྒྲ་འཇུག་བརྙན་ཕབ་བྱེད་དགོས་པ་དང་། སྒྲ་འཇུག་དང་བརྙན་ཕབ་དཔྱད་གཞི་ཉར་ཚགས་དོ་དམ་བྱེད་པའི་དུས་ཚད་ནི་འགན་བཅོལ་གན་རྒྱ་མཇུག་འགྲིལ་བའི་ཉིན་ནས་བཟུང་ལོ་5ལས་ཉུང་མི་རུང་། འགན་བཅོལ་འཛིན་ཤོག་དུས་ཚད་མ་ཐིམ་པར་དངུལ་སྨར་ལ་བརྗེ་བའི་སྒྲིག་གཞིས་གཉེར་སྐྱོང་བྱ་ཡུལ་དང་། སྒེར་གཉེར་དྲ་རྒྱའི་ལས་སྟེགས། མཉམ་ལས་སྒྲིག་གཞིའི་དྲ་རྒྱའི་ལས་སྟེགས་བཅས་ཀྱི་མངོན་གསལ་དོད་སར་ཉོ་ཚོང་ཞབས་ཞུའི་རྣམ་གྲངས་དང་། དངུལ་སྨར་ལ་བརྗེ་བའི་གན་རྒྱའི་དོན་ཚན། འགག་རྩའི་ཐ་སྙད་ཀྱི་འགྲེལ་པ། རིན་གོང་གི་ཚད་གཞི། ཉོ་ཚོང་ལྷུ་ཚིགས་མི་འདྲ་བའི་ལས་གཉེར་དུས་ཚད། འགན་བཅོལ་བྱ་ཡུལ་གྱི་མིའི་རྒྱུན་མཐུད་རྗེས་སྙེག་ཞབས་ཞུ་སོགས་ཀྱི་ཆ་འཕྲིན་ཁྱབ་བསྒྲགས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།