འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།2018ལོའི་རྒྱལ་ཡོངས་ཆོས་ལུགས་ཅུས་ཀྱི་ཅུས་ཀྲང་གི་ཚོགས་འདུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་10ཉིན། 13:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཚེས་8ཉིན་2018ལོའི་རྒྱལ་ཡོངས་ཆོས་ལུགས་ཅུས་ཀྱི་ཅུས་ཀྲང་གི་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱི་ཅུས་ཀྲང་ཝང་ཙོའོ་ཨན་གྱིས་ལས་དོན་སྙན་ཞུ་གནང་བ་རེད། ཚོགས་འདུའི་ཐོག་ད་དུང་རྒྱལ་ཡོངས་ཆོས་ལུགས་ལས་དོན་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་ལས་དོན་པར་གཟེངས་བསྟོད་ཀྱང་བྱས་པ་རེད།
         སྙན་ཞུའི་ནང་། འདས་ཟིན་པའི་ལོ་གཅིག་གི་རིང་ཏང་ཀྲུང་དབྱང་གི་ཡང་དག་པའི་མཛུབ་སྟོན་འོག་ཆོས་ལུགས་ལས་དོན་སྡེ་ཚན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་པ། རྒྱལ་ཡོངས་ཆོས་ལུགས་ལས་དོན་གྱི་ཚོགས་འདུའི་དགོངས་དོན་ལག་བསྟར་ཏན་ཏིག་བྱས་པ། གསར་དུ་བཟོ་བཅོས་བརྒྱབ་པའི་《ཆོས་ལུགས་ལས་དོན་སྲོལ་ཡིག་》སློབ་སྦྱོང་དང་དྲིལ་བསྒྲགས་བྱས་པ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་བྱས་པ། ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་ནུས་ལྡན་བཏང་བ། ཆོས་ལུགས་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པ། ཆོས་ལུགས་ལས་རིགས་ཀྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་པ་བཅས་ལས་ཆོས་ལུགས་ལས་དོན་ཁག་ལ་དགེ་མཚན་ལྡན་པའི་ཡར་རྒྱས་བྱུང་ཡོད་ཅེས་བསྟན་པ་རེད།
         ཚོགས་འདུའི་ཐོག པེ་ཅིང་གྲོང་ཁྱེར་ཧའེ་ཏན་ཆུས་མི་རིགས་ཆོས་ལུགས་ཕྱི་ཕྱོགས་ལས་དོན་གཞུང་ལས་ཁང་སོགས་ཚན་པ་32ལ“རྒྱལ་ཡོངས་ཆོས་ལུགས་ལས་དོན་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ”ཀྱི་མཚན་སྙན་སྤྲད་པ་དང་། ཅང་ཅིན་པེའོ་སོགས་བློ་མཐུན་10ལ“རྒྱལ་ཡོངས་ཆོས་ལུགས་ལས་དོན་ཁོངས་གཏོགས་ཀྱི་སྔོན་ཐོན་ལས་དོན་པའི”མཚན་སྙན་སྤྲད་པ་རེད། རྒྱལ་ཁབ་གཞུང་ལས་པ་ཅུས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱིས་ཧྲང་ཧའེ་གྲོང་ཁྱེར་མིང་ཞིང་ཆུས་མི་རིགས་ཆོས་ལུགས་ལས་དོན་གཞུང་ལས་ཁང་སོགས་ཚན་པ་8ལ་བྱས་རྗེས་ཐོ་འགོད་བྱས་ནས་བྱ་དགའ་སྤྲོད་རྒྱུ་དང་མོང་ཡུང་ཅུན་སོགས་མི་11ལ་བྱས་རྗེས་ཐོ་འགོད་བྱས་ནས་བྱ་དགའ་སྤྲོད་རྒྱུའི་ཐག་བཅད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།