འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི"འཆལ་རྡུང་ལོག་སེལ"གྱི་གྲངས་གཞི་ཆེ་མོ་བཅུ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་10ཉིན། 13:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་8ཉིན་རྒྱལ་ཡོངས“འཆལ་རྡུང་ལོག་སེལ”གཞུང་ལས་ཁང་གིས་2017ལོའི་ལོ་འཁོར་གྱི“འཆལ་རྡུང་ལོག་སེལ”ལས་ཀའི་གྲངས་གཞི་ཆེ་མོ་བཅུ་ཁྱབ་བསྒྲགས་བྱས་པ་རེད། ལོ་གཅིག་རིང་། ས་ཁུལ་དང་སྡེ་ཚན་ཁག་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་བསུ་བ་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ལས་ཀའི་གཙོ་རྐང་ལ་དམ་པོར་དམིགས་ཏེ། “འཆལ་རྡུང་ལོག་སེལ”གྱི་ཆེད་དོན་བྱ་སྤྱོད་རབ་དང་རིམ་པ་གཏིང་ཟབ་སྤེལ་ནས། ཁྲིམས་འགལ་གྱི་དཔེ་སྐྲུན་བྱེད་སྒོ་སྣ་ཚོགས་དང་། དྲ་རྒྱའི་ཐོག་གཡེམ་སྦྱོར་འདོད་ལོག་གི་ཆ་འཕྲིན་བརྒྱུད་སྤེལ་གྱི་བྱེད་སྤྱོད། སྨྱན་སྦྱོར་རྫུས་མ་དང་། གསར་འགོད་པ་རྫུས་མ། གསར་འགོད་པའི་ས་ཚིགས་རྫུས་མ། དྲ་ཐོག་དང་དྲ་ཕྱིའི་དབང་ཆར་བཙན་གནོད་ཀྱིས་པར་གཞི་བརྐུ་བའི་བྱེད་སྤྱོད་བཅས་ལ་རྡུང་རྡེག་ཚ་ནན་བཏང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་རེད།
         ཁྲིམས་འགལ་དཔེ་སྐྲུན་དངོས་པོ་ཁྲི་3090ལྷག་ཙམ།—— རྒྱལ་ཡོངས་ནས་ཁྲིམས་འགལ་གྱི་དཔེ་སྐྲུན་དངོས་པོ་སྣ་ཚོགས་ཁྱོན་ཁྲི་3090ལྷག་ཙམ་གཞུང་བཞེས་བཏང་བས། རིག་གནས་ཁོར་ཡུག་མངོན་གསལ་དོད་པོས་གཙང་དུ་ཕྱིན་པ།
         གནོད་ཡོད་ཆ་འཕྲིན་ཁྲི་455ལྷག་ཙམ། —— རྒྱལ་ཡོངས“འཆལ་རྡུང་ལོག་སེལ”སྡེ་ཚན་གྱིས་དྲ་རྒྱའི་ཐོག་གི་གཡེམ་སྦྱོར་འདོད་ལོག་སོགས་གནོད་ཡོད་ཆ་འཕྲིན་ཁྱོན་ཁྲི་455ལྷག་ཙམ་མེད་པ་བཟོས་པས། དྲ་རྒྱའི་ཁོར་ཡུག་སྔར་བས་གཙང་དུ་ཕྱིན་པ།
         གྱོད་གཞི་10300ལྷག་ཙམ། —— རྒྱལ་ཡོངས་ནས“འཆལ་རྡུང་ལོག་སེལ”གྱི་གྱོད་གཞི་སྣ་ཚོགས་ཁྱོན་10300ལྷག་ཙམ་ཞིབ་བཤེར་ཐག་གཅོད་བྱས་པས། ཁྲིམས་འགལ་ཉེས་གསོག་པ་ཟིལ་གྱིས་མནན་པ།
         གནོད་ཡོད་དྲ་ཚིགས་ཁྲི་12.8 —— དྲ་རྒྱར་རྒྱུན་གཏན་གྱི་ལྟ་སྡོམ་བྱེད་ཤུགས་ཆེ་རུ་བཏང་སྟེ་མངོན་གསལ་དོད་པའི་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་བྱས་ཏེ་རྒྱལ་ཡོངས“འཆལ་རྡུང་ལོག་སེལ”སྡེ་ཚན་གྱིས་གཡེམ་སྦྱོར་འདོད་ལོག་སོགས་གནོད་ཡོད་དྲ་ཚིགས་སྣ་ཚོགས་ཁྱོན་ཁྲི་12.8བཀག་པ་དང་མེད་པ་བཟོས་པ།
         ཐེར་འདོན་གོང་ཞུ་ཁྲི་12.1 —— རྒྱལ་ཡོངས“འཆལ་རྡུང་ལོག་སེལ”གཞུང་ལས་ཁང་དང་ཐེར་འདོན་ལྟེ་གནས་ལ་མང་ཚོགས་ཀྱི་ཐེར་འདོན་གྱོད་གཞི་ཁྲི་12.1འབྱོར་བའི་ཁྲོད་གྱོད་གཞི་གལ་ཆེན་མང་པོ་ཞིག་རྩད་ཆོད་པ་དང་། མི་དམངས་མང་ཚོགས་ཀྱིས་དེའི་ནང་ཞུགས་ནས་རྒྱབ་སྐྱོར་ཧུར་ཐག་བྱས་པས། “འཆལ་རྡུང་ལོག་སེལ”ལ་སྟོབས་ཤུགས་ཆེན་པོ་ཞིག་སྦྱིན་པ།
         དཔེ་སྟོན་ས་ཚིགས་300 —— རྒྱལ་ཡོངས་སུ“འཆལ་རྡུང་ལོག་སེལ”གཞི་རིམ་དུ་སྤེལ་བའི་དཔེ་སྟོན་ས་ཚིགས་གཏོད་པའི་བྱེད་སྒོའི་ནང་ཁག་ཐེངས་དང་པོར་དཔེ་སྟོན་ས་ཚིགས་300གཏན་འཁེལ་བྱས་པ་དང་། དེ་དག་ནང་ཁྲོམ་གཞུང་སྡེ་ཁུལ་དང་། གྲོང་གསེབ། སློབ་གྲྭ ཁེ་ལས་སོགས་ཚུད་ཡོད་པས། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཆེན་པོ་ཐོན་པ།
         མི་མངོན་པའི་རྐྱེན་ངན་560 —— རྒྱལ་ཡོངས“འཆལ་རྡུང་ལོག་སེལ”གཞུང་ལས་ཁང་གིས་ཀྲུང་དབྱང་གི་སྡེ་ཚན་མང་པོ་དང་མཉམ་དུ་ལྟ་བཤེར་ཚོགས་ཆུང་བཙུགས་ནས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་གི་ལས་དོན་ལ་ཕྱོགས་ཡོངས་ནས་ལྟ་བཤེར་ཐེངས་4དང་ལྐོག་ཞིབ་ཞིབ་བཤེར་ཐེངས་7བྱས་པ་བརྒྱུད་མི་མངོན་པའི་རྐྱེན་ངན་560ལྷག་ཙམ་ཤེས་རྟོགས་ཐུབ་པ་མ་ཟད།      ས་ཁུལ་ཁག་ལ་དག་ཐེར་བྱེད་དགོས་པའི་སྐུལ་འདེད་ཀྱང་བཏང་བ།
         གྱོད་གཞི་གལ་ཆེན་147 —— རྒྱལ་ཡོངས“འཆལ་རྡུང་ལོག་སེལ”གཞུང་ལས་ཁང་གིས་སྤྱི་བདེ་དང་པར་དབང་སོགས་སྡེ་ཚན་དང་མཉམ་དུ་གྱོད་གཞི་གལ་ཆེན་147ལ་མིང་སྦྱར་སྒྲུབ་སྐུལ་བྱས་པ་དང་། དཔང་རྟགས་ལེན་སྐབས་ཁུངས་བཙན་པོ་དང་། གྱོད་སྒྲུབ་ཀྱི་དུས་བཀག་ནན་པོ། ཁྲིམས་འགལ་ཚན་པ་དང་མི་སྒེར་གྱི་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་ནན་པོ་བཅས་ཡོང་བ་བྱས་པ།
    མི་1900ལྷག་ཙམ། —— “གཡེམ་འཆལ”དང“ལོག་པ”དང་འབྲེལ་བའི་བྱེད་སྤྱོད་ཡོད་པའི་ཚན་པ་དང་མི་སྒེར་གྱོད་ཁོངས་སུ་བཅུག་ནས་ཞིབ་བཤེར་ཐག་གཅོད་བྱས་པས། མི་1900ལྷག་ཙམ་ལ་ཉེས་ཁྲིམས་ཀྱི་ཆད་པ་ཕོག་པ།
         ཁྲིམས་འགལ་ཐོན་རྫས་ཁྲི་1730ལྷག་ཙམ།
         —— “4·26”འཛམ་གླིང་ཤེས་བྱའི་བདག་དབང་ཉིན་མོ་འཆར་ཉེའི་མཚམས་སུ་རྒྱལ་ཡོངས“འཆལ་རྡུང་ལོག་སེལ”གཞུང་ལས་ཁང་གིས་2017ལོའི་རྒྱལ་ཡོངས་ཀྱི་དབང་ཆར་བཙན་གནོད་ཀྱིས་པར་དབང་བརྐུས་པ་དང་ཁྲིམས་འགལ་དཔེ་སྐྲུན་དངོས་པོ་གཅིག་སྡུད་ཐོག་མེད་པ་བཟོ་བའི་བྱེད་སྒོ་སྤེལ་ཏེ་པར་དབང་བརྐུས་པའི་སྒྲ་བརྙན་ཐོན་རྫས་དང་། པར་དབང་བརྐུས་པའི་དཔེ་དེབ། པར་དབང་བརྐུས་པའི་གློག་རྡུལ་དཔེ་སྐྲུན་དངོས་པོ། ཁྲིམས་འགལ་གྱི་ཚགས་པར་དང་དུས་དེབ་བཅས་ཁྱོན་ཁྲི་1730ལྷག་ཙམ་མེད་པར་བཟོས་པས། ཤེས་བྱའི་བདག་དབང་ལ་སྲུང་སྐྱོང་དང་དབང་ཆར་བཙན་གནོད་ཀྱིས་པར་དབང་བརྐུ་མཁན་ལ་རྡུང་རྡེག་གཏོང་བའི་རང་རྒྱལ་སྲིད་གཞུང་གི་ཆོད་སེམས་བརྟན་པོ་མཚོན་པ་བཅས་སོ།།
      

    ཕྱོགས་བསྡུས་གསར་འགྱུར།