འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ངལ་ལས་སྤུས་རྟགས་ལ་བརྟེན་ནས་ཞིང་འབྲོག་ཁུལ་ཕྱུག་འགྱུར་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་10ཉིན། 12:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། 2017ལོའི་མཚོ་སྔོན་ཞིང་ཆེན་ངལ་ལས་སྤུས་རྟགས་དཔྱད་ཞིབ་ལས་དོན་ཁྲོད། “ཏ་ཐུང་སྣོད་བཅུད་ཡུལ་སྐོར”དང་། “པོ་ཧང་སྤྲོ་གསེང་ཞིང་གྲོང” “ས་ལར་མཛེས་མའི་འཚེམ་དྲུབས”སོགས་སྤུས་རྟགས་6ཞིང་ཆེན་རིམ་པའི་ངལ་ལས་སྤུས་རྟགས་གྲས་སུ་ཚུད་པ་དང་། གཞན་ཡང་ངལ་ལས་རྣམ་གྲངས་6ལ་མཚོ་སྔོན་ཞིང་ཆེན་ངལ་ལས་སྤུས་རྟགས་ཀྱི་ཕུལ་བྱུང་བྱ་དགའ་ཐོབ་ཅིང་། མིག་སྔར་མཚོ་སྔོན་ཞིང་ཆེན་གྱི་ངལ་ལས་སྤུས་རྟགས་20བར་མང་དུ་ཕྱིན་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། 2013ལོ་ནས་2016ལོའི་བར། མཚོ་སྔོན་ཞིང་ཆེན་གྱིས་དཔྱད་འདེམས་གཏན་འཁེལ་བྱས་པའི་ངལ་ལས་སྤུས་རྟགས་12དང་ངལ་ལས་བྱེད་སྒོའི་སྤུས་རྟགས་2ཀྱིས་རིམ་རྩིས་བརྒྱབ་ན་ཞིང་འབྲོག་ཁུལ་གྱི་ངལ་ནུས་མི་ཐེངས་ཁྲི་78.41གི་སྣེ་ཁྲིད་དེ་ལས་ཞུགས་གཞན་སྒྱུར་བྱས་པར་ངལ་ལས་ཡོང་འབབ་སྒོར་དུང་ཕྱུར་38.34རག་པ་དང་། ངལ་ལས་སྤུས་རྟགས་ཀྱི་འདུས་གྲུབ་ཕན་འབྲས་ཀྱིས་མཚོ་སྔོན་གྱི་ཞིང་འབྲོག་ཁུལ་རིམ་བཞིན་ཕྱུག་འགྱུར་ཐུབ་པར་སྐུལ་ཁྲིད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།