འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་ནུས་རྒྱུ་གསར་པའི་གྲངས་གཞི་ཆེ་མོའི་གསར་གཏོད་ལས་སྟེགས་འཁོར་རྒྱུག་བྱེད་
    འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་10ཉིན། 12:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སི་ནས་ཤེས་རྟོགས་བྱས་པར། ཚེས་8ཉིན་མཚོ་སྔོན་གྱི་ནུས་རྒྱུ་གསར་པའི་གྲངས་གཞི་ཆེ་མོའི་གསར་གཏོད་ལས་སྟེགས་དངོས་སུ་འཁོར་རྒྱུག་བྱས་ནས་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་འབྲེལ་ཉིན་དེ་རང་དུ་བཀོལ་སྤྱོད་མཉམ་ལས་གྲོས་མཐུན་ཁག་དང་པོར་མིང་རྟགས་བཀོད་པ་རེད།
    ལས་སྟེགས་དེ་2016ལོའི་ཟླ་8པར་སྐྲུན་འགོ་ཚུགས་པ་དང་། བསྐྲུན་ཟིན་རྗེས་རིམ་མཐོའི་གསར་གཏོད་ལས་སྒོའི་ཞབས་ཞུ་ཁག་36ཐོག་མར་གཏན་འཁེལ་བྱས་པ་དང་། མིག་སྔར་ནུས་ཚད་སྔོན་དཔག་དང་། སྒྲིག་བཀོད་སྐྱོན་བྲལ་དོ་དམ། གློག་ཁང་གཉེར་སྐྱོང་ཚབ་གཉེར། དངུལ་རྩའི་ཞབས་ཞུ་སོགས་དྲ་ཐོག་གི་ལག་རྩལ་ཞབས་ཞུའི་ནུས་པ་མང་པོ་ལྡན་ཡོད་པ་དང་། སྲིད་གཞུང་དང་ཁེ་ལས་ལ་ནུས་རྒྱུ་གསར་པའི་འཆར་འགོད་དང་། ཇུས་འགོད། འཛུགས་སྐྲུན་སོགས་ཐོན་ལས་སྦྲེལ་ཐག་ཚང་མར་ཁྱབ་པའི་ཞབས་འདེབས་ཞུ་རྒྱུར་གཞི་ཚུགས་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།