འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོར་རང་རྒྱལ་གྱི་མི་རེའི་ཆ་སྙོམས་ཀྱི་ཡུལ་སྐོར་དུ་སྐྱོད་ཐེངས་3.7ཟིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་10ཉིན། 13:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་8ཉིན། གསར་འགོད་པར་ཚེས་8ཉིན་ཞ་མོན་དུ་འཚོགས་པའི་རྒྱལ་ཡོངས་ཡུལ་སྐོར་ལས་དོན་ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་བར། 2017ལོར་རང་རྒྱལ་གྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེ་བ་དང་། ལོ་ཧྲིལ་པོར་མི་རེའི་ཆ་སྙོམས་ཀྱི་ཡུལ་སྐོར་དུ་སྐྱོད་ཐེངས་3.7ཟིན་པ། ཡུལ་སྐོར་ལས་རིགས་ཀྱིས་ཕྱོགས་བསྡུས་ལེགས་སྐྱེས་མ་དངུལ་སྒོར་དུང་ཕྱུར་ཁྲི་8.77ཕུལ་བ། རྒྱལ་དམངས་དཔལ་འབྱོར་ལ་ཕྱོགས་བསྡུས་ལེགས་སྐྱེས་ཕུལ་ཚད་11.04%ཟིན་པ། མི་ཁྲི་8000ཐད་ཀར་དང་གཞན་བརྒྱུད་ངང་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། རང་རྒྱལ་གྱིས་ལོ་མང་བསྟུད་མར་འཛམ་གླིང་གི་རྒྱལ་མཚམས་སྒྲོལ་ནས་ཡུལ་སྐོར་བྱེད་པའི་ཡུལ་སྐོར་བའི་རྒྱལ་ཁབ་ཆེན་པོ་ཨང་དང་པོ་དང་གོ་ལ་ཧྲིལ་པོའི་རྒྱལ་མཚམས་ནང་ཡུལ་སྐོར་སྣེ་ལེན་བྱེད་པའི་རྒྱལ་ཁབ་ཆེན་པོ་ཨང་བཞི་པའི་གནས་བབ་རྒྱུན་འཁྱོངས་ཐུབ་པ་དང་ལོ་ལྟར་མི་ཐེངས་དུང་ཕྱུར་50ཙམ་གྱི་ཡུལ་སྐོར་ཁྲོམ་ར་སྐྱེད་སྲིང་བྱས་ཡོད། ཡུལ་སྐོར་འདི་ཉིད་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་སྟོབས་ཤུགས་གལ་ཆེན་དུ་གྱུར་པ་དང་ས་ཆ་མང་པོ་ཞིག་གི་སྔོ་ཞིང་དྭངས་བའི་རི་ཆུ་དང་གངས་འཁྱགས་ཀྱིས་བསྡམས་པའི་རི་ཆུ་དག་ཡུལ་སྐོར་འཕེལ་རྒྱས་བརྒྱུད་གསེར་རི་དངུལ་རིར་འགྱུར་བཞིན་ཡོད་པ་རེད།
         རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ལི་ཅིན་ཙའོ་ཡིས་རང་རྒྱལ་གྱི་ཡུལ་སྐོར་ལས་རིགས་ཀྱི་དུས་ཡུན་འབྲིང་རིང་གི་འཕེལ་རྒྱས་དམིགས་ཚད་ནི་ཡུལ་སྐོར་གྱི“གོམ་སྟབས་གསུམ”གྱི་འཐབ་ཇུས་ལག་ལེན་བསྟར་བ་བརྒྱུད། 2040ལོར་སླེབས་སྐབས་འཛམ་གླིང་གི་ཡུལ་སྐོར་རྒྱལ་ཁབ་སྟོབས་ཆེན་གྱི་དམིགས་ཚད་མངོན་འགྱུར་བྱ་རྒྱུ་དེ་རེད། གོམ་སྟབས་དང་པོ་ནི་2020ལོར་སླེབས་སྐབས་རགས་ལས་རྣམ་པའི་ཡུལ་སྐོར་རྒྱལ་ཁབ་ཆེན་པོ་ནས་ཅུང་གཅིག་སྡུད་རྣམ་པའི་ཡུལ་སྐོར་རྒྱལ་ཁབ་ཆེན་པོར་འཕེལ་རྒྱས་འགྲོ་རྒྱུ་དང་། གོམ་སྟབས་གཉིས་པ་ནི་2030ལོར་སླེབས་སྐབས་ཅུང་གཅིག་སྡུད་རྣམ་པའི་ཡུལ་སྐོར་རྒྱལ་ཁབ་ཆེན་པོ་ནས་གཅིག་སྡུད་ཆེ་བའི་རྣམ་པའི་ཡུལ་སྐོར་རྒྱལ་ཁབ་ཆེན་པོར་འཕེལ་རྒྱས་འགྲོ་རྒྱུ། གོམ་སྟབས་གསུམ་པ་ནི་2040ལོར་སླེབས་སྐབས་གཅིག་སྡུད་ཆེ་བའི་ཡུལ་     སྐོར་རྒྱལ་ཁབ་ཆེན་པོ་ནས་ཚད་མཐོའི་གཅིག་སྡུད་རྣམ་པའི་འཛམ་གླིང་གི་ཡུལ་སྐོར་རྒྱལ་ཁབ་སྟོབས་ཆེན་དུ་འཕེལ་རྒྱས་འགྲོ་རྒྱུ་བཅས་རེད་ཅེས་བཤད་པ་རེད།
    ན་ནིང་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་མུ་མཐུད་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་བཅོས་སྒྲིག་བྱས་པ་དང་འབྲེལ་མཛེས་ལྗོངས་ཁུལ་གྱི་སྤུས་ཚད་ལ་འགུལ་རྣམ་དོ་དམ་བྱས་ཡོད། ཉེ་བའི་ལོ་ཤས་རིང་ཞབས་ཞུའི་སྤུས་ཚད་ཞན་པ་དང་གསང་སྤྱོད་ཀྱི་ཚད་གཞི་ལོན་མེད་པ་སོགས་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ་A5རིམ་པའི་མཛེས་ལྗོངས་ཁུལ་3གྱི་བྱང་བུ་ཕབ་པ་དང་། A5རིམ་པའི་མཛེས་ལྗོངས་ཁུལ་10ལ་ཐ་ཚིག་ནན་པོ་བསྒྲགས་པ། A4རིམ་པ་དང་དེ་མན་གྱི་མཛེས་ལྗོངས་ཁུལ་400ལ་བྱང་བུ་འབེབས་པ་དང་། ཐ་ཚིག་སྒྲོག་པ། བརྡ་ཁྱབ་གཏོང་བ་བཅས་ཀྱི་ཆད་པ་བཅད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།