འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་རུ་སུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བས་2017ལོར་ཀྲུང་ཨུའི་འབྲེལ་བའི་
    འཕེལ་རྒྱས་ཀྱི་རྨང་གཞི་སྔར་བས་གཏིང་ཟབ་དང་། ཏན་ཏིག 
    བརྟན་དུ་ཕྱིན་ཡོད་ཅེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་28ཉིན། 15:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་25ཉིན། ཨུ་རུ་སུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལི་ཧུའེ་ཡིས་2017ལོ་ནི་ཀྲུང་ཨུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་མུ་མཐུད་ཚད་གཞི་མཐོ་པོའི་ངང་འཕེལ་རྒྱས་ཕྱིན་པའི་ལོ་ཞིག་ཡིན་ལ། རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་ལ་གཡུར་ཟའི་འབྲས་བུ་ཐོབ་པའི་ལོ་ཞིག་ཀྱང་ཡིན། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་ཁག་གི་སྤེལ་རེས་ལམ་སྲོལ་རྒྱུན་ཆད་མེད་པར་སྲ་བརྟན་དུ་ཕྱིན་པས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་རྨང་གཞི་སྔར་བས་གཏིང་ཟབ་དང་། ཏན་ཏིག བརྟན་དུ་ཕྱིན་ཡོད་ཅེས་བཤད་པ་རེད།
         དེ་ཉིན་ལི་ཧུའེ་ཡིས“དེང་གི་ཨུ་རུ་སུ”ཞེས་པའི་རྒྱལ་སྤྱིའི་གསར་འགྱུར་ཁང་གི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་ཀྲུང་ཨུའི་མཐོ་རིམ་འགྲོ་འོང་གིས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ལ་ཕྱོགས་སྟོན་དང་སྣེ་ཁྲིད་ཐུབ་ཡོད། 2017ལོར་ཀྲུང་ཨུའི་གཙོ་བདག་གིས་ལོའི་ནང་ཞལ་འཛོམས་ཐེངས་ལྔ་གནང་རྒྱུ་མཐའ་འཁྱོངས་ཐུབ་ཡོད། དེ་དང་དུས་མཚུངས་ཀྲུང་ཨུའི་དམངས་ཁྲོད་འགྲོ་འོང་གིས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་དུ་དང་འབྲེལ་ཟམ་བཙུགས་ཡོད་ཅེས་ནན་བཤད་བྱས་པ་རེད།
         ཁོང་གིས་2017ལོ་ནི་ཀྲུང་ཨུ་མཛའ་གྲོགས་དང་ཞི་བདེ་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་20འཁོར་བ་དང་ཨུ་ཀྲུང་མཛའ་གྲོགས་མཐུན་ཚོགས་བཙུགས་ནས་ལོ་60འཁོར་བའི་ལོ་ཞིག་ཡིན་ལ། ཀྲུང་ཨུ་སྨྱན་སྦྱོར་སྤེལ་རེས་ཀྱི་མཇུག་བསྡུའི་ལོ་ཞིག་ཀྱང་ཡིན་པས་ཕྱོགས་གཉིས་པོས་བྱེད་སྒོ་འདྲ་མིན་སྣ་ཚོགས་གཏན་འཁེལ་དང་སྤེལ་བས། རྒྱལ་ཁབ་གཉིས་པོའི་མི་དམངས་དབར་སྔར་བས་ཤེས་རྟོགས་དང་མཛའ་གྲོགས་ཟབ་ཏུ་ཕྱིན་ནས་ཀྲུང་ཨུའི་འབྲེལ་བ་འཕེལ་རྒྱས་ཀྱི་སྤྱི་ཚོགས་དང་དམངས་འདོད་ཀྱི་རྨང་གཞི་བརྟན་དུ་ཕྱིན་ཡོད་པ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་དམངས་ཁྲོད་ཀྱི་འགྲོ་འོང་ལ་ཚད་མཐོའི་མཐོང་ཆེན་གནང་ནས་རྒྱལ་ཁབ་གཉིས་པོའི་དམངས་ཁྲོད་འགྲོ་འོང་གིས་ཀྲུང་ཨུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་སྐྱོན་བྲལ་དང་། བརྟན་པོ། བདེ་བླག་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ལེགས་སྐྱེས་གལ་ཆེན་ཕུལ་བ་མ་ཟད། ཀྲུང་ཨུ་མཛའ་གྲོགས་ཀྱི་སྤྱི་ཚོགས་དང་དམངས་འདོད་རྨང་གཞི་བརྟན་དུ་གཏོང་ཆེད་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་ཐོན་ཡོད་ཅེས་ཁས་ལེན་གང་ལེགས་གནང་ཡོད་ཅེས་བཤད་པ་རེད།
        ལི་ཧུའེ་ཡིས། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པས་ཀྲུང་ཨུའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་འབྲེལ་བའི་ཁྲོད་ཀྲུང་ཨུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བས་དམིགས་བསལ་གྱི་གནས་བབ་བཟུང་ཡོད། དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་ལེན་བསྟར་བའི་མཚོན་ཚུལ་གལ་ཆེན་ཞིག་རེད་ཅེས་བཤད་པ་རེད།
         ལི་ཧུའེ་ཡིས་ཉེ་བའི་ལོ་ཤས་རིང་། སྲོལ་རྒྱུན་གྱི་ནུས་རྒྱུ་དང་དམག་དོན་བཟོ་ལས་ཀྱི་ཁྱབ་ཁོངས་ཕུད། རྒྱལ་ཁབ་གཉིས་པོས་མྱུར་བགྲོད་ལྕགས་ལམ་ཁྱབ་ཁོངས་ཁྲོད་མཉམ་ལས་བྱས་པའང་དོ་ཁུར་བྱ་ཡུལ་དུ་གྱུར་ཡོད། ཕྱོགས་གཉིས་པོས་2014ལོ་དང་2016ལོར་《ཀྲུང་ཨུའི་མྱུར་བགྲོད་ལྕགས་ལམ་གྱི་མཉམ་ལས་བསམ་ཤེས་དྲན་ཐོ་》དང་《ཀྲུང་ཨུའི་མྱུར་བགྲོད་ལྕགས་ལམ་གྱི་མཉམ་ལས་འདོད་མཐུན་ཡི་གེར་》མིང་རྟགས་བཀོད་པ་དེ་ཐོག་ནས“རྒྱུད་གཅིག་ལམ་གཅིག”མཉམ་དུ་གཏོད་པའི་ལག་ལེན་ཁྲོད་ཀྲུང་ཨུས་དོན་སྙིང་ཆེན་པོ་ལྡན་པའི་གོམ་སྟབས་ཤིག་སྤོས་པ་མཚོན་ཐུབ་ཅེས་བཤད། ཤེས་རྟོགས་བྱུང་བར་གཞིགས་ན། མོ་སི་ཁོ་ནས་ཁ་ཧྲན་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་རྣམ་གྲངས་ཀྱི་རྩད་ཞིབ་ཇུས་འགོད་ལས་མཇུག་འགྲིལ་བའི་དུས་སུ་སླེབས་ཡོད།
        མཇུག་ཏུ་ལི་ཧུའེ་ཡིས་ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་དང་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་གཏིང་ཤུགས་སྔར་བས་འདོན་སྤེལ་བྱས་ཏེ་ཀྲུང་ཨུའི་ཚད་གཞི་མཐོ་བའི་ཕྱོགས་ཡོངས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བ་དེ་དངོས་ཡོད་མཉམ་ལས་ཀྱི་འབྲས་བུ་མང་པོར་བསྒྱུར་བ་བྱས་ཐོག་ཀྲུང་ཨུའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཟབ་ཏུ་དང་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་ཐོབ་པ་བྱེད་འདོད་ཡོད་ཅེས་བཤད་པ་དང་། ཁོང་གིས“ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་2018ལོར་ཀྲུང་ཨུའི་འབྲེལ་བར་གྲུབ་འབྲས་གསར་པ་དང་འཕེལ་རིམ་གསར་པ་ཡོང་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།