འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི་ཀྲུང་གོ་དང་འཛམ་གླིང་། ཀྲུང་གོས་ལ་ཏིང་མེ་གླིང་དང་མཉམ་དུ་འཕེལ་རྒྱས་
    གཏོང་བའི་གྲོས་འགོ་བཏོན་པ། 

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝང་ཅིང་ཡེ་ཡིས། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་28ཉིན། 15:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         2017ལོར“ཤར་ཕྱོགས་སུ་ལྟ་བ”ཞེས་པ་དེ་ལ་ཏིང་མེ་གླིང་རྒྱལ་ཁབ་ཀྱི་དེ་བས་ཆེ་བའི་ཐུན་མོང་ངོས་འཛིན་ཞིག་ཏུ་གྱུར་ཡོད། ཀྲུང་གོ་འདི་ཉིད་ཉིན་རེ་བཞིན་འཛམ་གླིང་གར་སྟེགས་ཀྱི་དབུས་སུ་བསྐྱོད་པ་དང་སྦྲགས། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་གྲུ་གཟིངས་མདུན་སྐྱོད་བྱེད་མགྱོགས་སུ་ཕྱིན་ཡོད།
         ཝུ་ར་ཀུའེ་ཡི་སྲིད་འཛིན་མཁན་རྒྱ་ཁྱབ་འཐབ་ཕྱོགས་ཏང་གི་ཀྲུའུ་ཞི་ཧ་ཝུའེ་ཨར·སྨི་ལན་ཏ་ཡིས་རང་ཉིད་ཀྱི་གཞུང་ལས་ཁང་དུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས་ཁོང་གིས་ལས་རོགས་ལ་འདི་ལོ་ཁོང་ཀྲུང་གོར་འཚམས་འདྲི་གནང་སྐབས་འཁྱེར་ཡོང་བའི་ཇ་ལོས་སྐུ་མགྲོན་ལ་སྣེ་ལེན་ཞུ་བའི་བཀའ་མངགས་གནང། སྨི་ལན་ཏ་ཡིས་ཀྲུང་གོར་རྟོག་ཞིབ་གནང་སྐབས་ཀྱི་པར་སྟོན་ནས་ངས་ས་ཆ་དེ་རང་ནས་ཀྲུང་གོ་གུང་ཁྲན་ཏང་གི་སྲིད་སྐྱོང་ལ་རླབས་ཆེན་གྲུབ་འབྲས་ཐོབ་པ་མཐོང་བྱུང་། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པས་ཀྲུང་གོའི་འཕེལ་རྒྱས་ཐད་ཁ་ཕྱོགས་གསལ་བཏོན་བྱས་པ་མ་ཟད། ལ་ཏིང་མེ་གླིང་དང་འཛམ་གླིང་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ངེས་རེད་ཅེས་གསུངས་པ་རེད།
         “ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་ཐོག་གཏན་འཁེལ་བྱས་པའི་མི་དམངས་ལྟེ་བར་འཛིན་པའི་བྱེད་ཕྱོགས་སྲིད་ཇུས་དེར་རྦད་དེ་མོས་མཐུན་ཡོད”ཕ་ན་མའི་ཙུང་ཐུང་པ་ལེ་ལ་ཡིས་ཟླ་11པར་ཀྲུང་གོར་འཚམས་འདྲི་གནང་སྐབས་ཀྲུང་གོའི་འཕེལ་རྒྱས་ཀྱི་འདུ་ཤེས་དང་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་ལ་ཚད་མཐོའི་གདེང་འཇོག་གནང་བ་རེད། ཁོང་གིས་ཕ་ན་མ་དེ་ལ་ཏིང་མེ་གླིང་དུ་ཡོད་པའི་ཀྲུང་གོའི་གལ་ཆེའི་གྲོགས་པོར་འགྱུར་འདོད་ཡོད་ཅེས་གསུངས་པ་རེད།
         2017ལོར“ཀྲུང་གོའི་སྒུལ་བྱེད་འཕྲུལ་འཁོར”གྱི་སྒུལ་ཤུགས་ཆེན་པོའི་ཕན་པ་ཐོབ་པའི་ལ་ཏིང་མེ་གླིང་དེ་གོང་ལོ་གཉིས་ཀྱི་དཔལ་འབྱོར་ཉམས་ཞན་གྱི་དཀའ་གནད་ལས་བསྒྲལ་ཏེ་དཔལ་འབྱོར་སླར་གསོ་དང་ཕྱོགས་སྒྱུར་གྱི“མྱུ་གུ”རགས་ཙམ་རྒྱས་ཡོད། ཚོང་དོན་སྲུང་སྐྱོང་རིང་ལུགས་དང་ཁེར་རྐྱང་རིང་ལུགས་མགོ་བོ་འདེགས་པའི་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་འོག་ཀྲུང་གོ་དང་ལ་ཏིང་མེ་གླིང་ས་ཁོངས་ཀྱི་རྩ་འཛུགས་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་དེ་བས་འཁྲུག་ཆ་དོད་དུ་སོང་ནས་ལྷོ་ལྷོ་མཉམ་ལས་དང་སྒོ་དབྱེ་གཉིས་ཕན་གྱི་མིག་དཔེའི་མཚན་སྙན་ཐོབ་ཡོད།
        ཟླ་12ཚེས་18ཉིན་གླིང་ཆེན་ཨ་མེ་རི་ཁ་གསར་སྤེལ་དངུལ་ཁང་གིས་ཁྱབ་བསྒྲགས་བྱས་པའི་སྙན་ཞུ་ལས་མངོན་གསལ། མིག་སྔའི་བར་2017ལོར་ལ་ཏིང་མེ་གླིང་དང་ཅ་ལེ་པི་ས་ཁུལ་གྱི་ཕྱིར་གཏོང་ཡོང་འབབ་དེ་ན་ནིང་ལོ་ཧྲིལ་པོ་དང་བསྡུར་ན་13%འཕར་ཡོད། ཀྲུང་གོས་ལ་ཏིང་མེ་གླིང་གི་ཕྱིར་གཏོང་ཐད་ལེགས་སྐྱེས་ཆེ་ཤོས་ཕུལ་ཡོད་པ་དང་དེའི་བཅུ་ཆ་གསུམ་ཙམ་བཟུང་ཡོད།
         ཀྲུང་གོས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་པར་ལ་ཏིང་མེ་གླིང་རྒྱལ་ཁབ་ཀྱིས་དང་ལེན་རྒྱ་ཁྱབ་བྱས་ཡོད། ལ་ཏིང་མེ་གླིང་དེ་དུས་རབས་21པའི་མཚོ་ཐོག་དར་གོས་ལམ་བུའི་རང་བཞིན་དུ་སྲིང་བའི་མེད་དུ་མི་རུང་བའི་ཞུགས་མཁན་གལ་ཆེན་དུ་གྱུར་ཡོད། ཟླ་ལྔ་པར་ཨ་ཀེན་ཐིན་གྱི་ཙུང་ཐུང་མ་ཁེ་ལི་དང་ཆི་ལིའི་ཙུང་ཐུང་པ་ཆེ་ལའེ་ཐེ་པེ་ཅིང་དུ“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་ལ་ཞུགས་པ་རེད། མ་ཁེ་ལིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དེས་ཨ་ཀེན་ཐིན་དང་ཀྲུང་གོ་དང་དེ་བཞིན་འཛམ་གླིང་དབར་ཕན་ཚུན་སྦྲེལ་མཐུད་ཐད་སྐུལ་མ་གཏོང་རྒྱུར་ཕན་པ་ཡོད་ཅེས་གསུངས་པ་རེད།
         “གྲུ་ཡི་ཤེད་ཤུགས་གྲུ་གཡོར་ལ་ཐུག་པ་དང་མི་ཡི་སྟོབས་ཤུགས་མི་སེམས་ལ་ཐུག་ཡོད”ཀྲུང་གོ་དང་ལ་ཏིང་མེ་གླིང་གི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད། མིག་སྔར་ལ་ཏིང་མེ་གླིང་གི་རྒྱལ་ཁབ་20ལ་ཁུང་ཙི་སློབ་གླིང་39དང་ཁུང་ཙི་སློབ་ཁང་18བཙུགས་ཡོད། པར་ཙིར་དང་། ཆི་ལི། ཁོ་སི་ཐ་རི་ཁ་སོགས་རྒྱལ་ཁབ་ཀྱི་སློབ་གྲྭར་རྒྱ་ཡིག་སློབ་ཚན་ནམ་ཡང་ན་རྒྱ་ཡིག་ཆེད་ལས་བཙུགས་ཡོད་པ་དང་དུས་མཚུངས་ཀྲུང་གོའི་རིག་གནས་ལ་ཞེན་ཆགས་པ་དང་ཀྲུང་ཧྭའི་ཤེས་དཔལ་བརྒྱུད་བསྒྲགས་བྱེད་མཁན་དཔུང་ཁག་མགྱོགས་མྱུར་སྟོབས་ཆེར་ཕྱིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།