འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྲང་ཧའེ་གྲོང་ཁྱེར་དུ"སྡོད་དམངས་ཀྱི་ཐོབ་ཐང་ལག་ཁྱེར་སྙན་ཞུ་རང་འདེམས་འཕྲུལ་ཆས"
    དང་པོ་སྤྱོད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་28ཉིན། 16:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཧྲང་ཧའེ་གྲོང་ཁྱེར་དུ'སྡོད་དམངས་ཀྱི་ཐོབ་ཐང་ལག་ཁྱེར་སྙན་ཞུ་རང་འདེམས་འཕྲུལ་ཆས'
དང་པོ་སྤྱོད་འགོ་ཚུགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་27ཉིན་གྱི་ཕྱི་དྲོར། ཧྲང་ཧའེ་གྲོང་ཁྱེར་དུ"སྡོད་དམངས་ཀྱི་ཐོབ་ཐང་ལག་ཁྱེར་སྙན་ཞུ་རང་འདེམས་འཕྲུལ་ཆས"དང་པོ་དེ་ཧྭ་མུའུ་མངགས་གཏོང་ཁང་དུ་སྤྱོད་འགོ་ཚུགས་པ་རེད།
         སྡོད་དམངས་ཀྱི་ཐོབ་ཐང་ལག་ཁྱེར་སྙན་ཞུ་རང་འདེམས་འཕྲུལ་ཆས་བཀོལ་སྤྱོད་བྱས་པས། མི་ལག་བརྒྱུད་ནས་ལས་ཀ་བྱེད་པ་ལས་དུས་ཡུན་ཇེ་ཐུང་དུ་སོང་ཡོད་ལ། གྲོང་མི་ཚོས་ཐོབ་ཐང་དཔང་ཡིག་བཟོ་བའི་དུས་ཚོད་ཇེ་ཐུང་དུ་སོང་ཡོད་པ་དང་མཉམ་དུ། མི་དམངས་ཉེན་རྟོག་པའི་ལས་ཕྱོད་ཀྱང་ཆེ་རུ་སོང་ཡོད་པ་རེད།
         ཤེས་རྟོགས་བྱུང་གསལ་དུ། ཐོབ་ཐང་དཔང་ཡིག་སྙན་ཞུ་རང་འདེམས་ཐོག་ནས་ཞུས་རྗེས། ལས་ཡུན་ཉིན་20ལས་མི་དགོས་ལ། སྦྲག་སྲིད་བརྒྱུད་དེ་སྐུར་འབྱོར་བྱུང་ན་ལས་ཡུན་ཉིན་7ལས་མི་དགོས་པ་རེད།
         ཐེངས་འདིའི"སྡོད་དམངས་ཀྱི་ཐོབ་ཐང་ལག་ཁྱེར་སྙན་ཞུ་རང་འདེམས་འཕྲུལ་ཆས"བཀོལ་སྤྱོད་ནི་ཧྲང་ཧའེ་གྲོང་ཁྱེར་ཁོངས་སུ་ཐེམ་ཐོ་ཡོད་པའི་སྡོད་དམངས་ཀྱི་ཐོབ་ཐང་དཔང་ཡིག་བོར་བའམ་ཐོབ་ཐང་དཔང་ཡིག་གོ་ཆོད་ཡུན་ཐིམས་རིགས་ཀྱིས་གསར་པ་བརྗེ་རེ་བཏོན་ཆོག་པ་རེད། ཐོག་མར་ལེན་མཁན་ཡིན་ཕྱིན། འདི་ཁོངས་སུ་མི་གཏོགས་པ་རེད།
    ༄༅།།ཧྲང་ཧའེ་གྲོང་ཁྱེར་དུ'སྡོད་དམངས་ཀྱི་ཐོབ་ཐང་ལག་ཁྱེར་སྙན་ཞུ་རང་འདེམས་འཕྲུལ་ཆས'
དང་པོ་སྤྱོད་འགོ་ཚུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།