འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱི་ཕྱོགས་ལ་དྲིལ་བསྒྲགས་ངོ་སྤྲོད་ཚོགས་པས་ཨ་རབ་'
    མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ལ་འཚམས་འདྲི་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་28ཉིན། 15:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་24ཉིན་ནས་26ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་རྗེས་སྣོན་ཨུ་ཡོན་དང་། ཧྥུའུ་ཅན་ཞིང་ཨུད་ཀྱི་རྒྱུན་ཨུ། རྩ་འཛུགས་པུའི་པུའུ་ཀྲང་བཅས་ཡིན་པའི་ཧུའུ་ཁྲང་ཧྲེང་གིས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱི་ཕྱོགས་ལ་དྲིལ་བསྒྲགས་ངོ་སྤྲོད་ཚོགས་པའི་སྣེ་འཁྲིད་དེ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ལ་འཚམས་འདྲི་བྱས་པ་རེད།
         ཧུའུ་ཁྲང་ཧྲེང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་དོན་པུའི་པུའུ་ཀྲང་ལི་མུའུ་སོགས་ཆབ་ཕྱོགས་ཀྱི་གལ་ཆེའི་མི་སྣ་དང་མཇལ་འཛོམས་གནང་བ་དང་དྲིལ་བསྒྲགས་ངོ་སྤྲོད་ཚོགས་འདུ་ཆེ་གྲས་ལ་ཞུགས་ཏེ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་སྲིད་གཞུང་གི་དཔོན་རིགས་དང་། བཟོ་ཚོང་ལས་རིགས་ཀྱི་མི་སྣ། སྨྱན་སྦྱོར། ཇུས་འདོན་ཚོགས་པ་བཅས་ཀྱི་འཐུས་མི་དང་དེ་བཞིན་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་བཅའ་སྡོད་ཕྱི་འབྲེལ་དཔོན་བཅས་ཁྱོན་མི་200ཙམ་ལ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དྲིལ་བསྒྲགས་ངོ་སྤྲོད་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧྥུའུ་ཅན་དུ་ཕྱག་ལས་གནང་སྐབས་ཀྱི་གསར་གཏོད་ལག་ལེན་དང་ཟུང་འབྲེལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་རྒྱས་བཤད་བྱས་པ་རེད།
         ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཕྱོགས་ཀྱིས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་གལ་ཆེའི་དོན་སྙིང་དང་འཛམ་གླིང་ལ་ཐེབས་པའི་ཤུགས་རྐྱེན་བཟང་པོར་ཚད་མཐོའི་གདེང་འཇོག་བྱས་པ་མ་ཟད། ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་ཀྲུང་གུང་གི་སྲིད་སྐྱོང་འདུ་ཤེས་ལ་བསྔགས་བརྗོད་ཀྱང་བྱས་ནས་སྔར་བས“ཤར་ཕྱོགས་ལ་ལྟ་བ”དང“ཀྲུང་གོར་ལྟ་བའི”ཐོག་ནས་ཀྲུང་གོ་ཕྱོགས་དང་སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།