འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས"གསང་སྤྱོད་གསར་བརྗེའི"ལས་དོན་མཐར་ཕྱིན་པ་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་28ཉིན། 15:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་བོད་ཀྱིས“གསང་སྤྱོད་གསར་བརྗེའི”ལས་དོན་ཐོག་མཐའ་བར་གསུམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་། ནུས་ཤུགས་ཡོད་རྒུས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན། བསམ་པའི་དཔལ་ཡོན་སྲོལ་གཏོད་ཤུགས་ཆེན་བཅས་བྱེད་པའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་བོད་ཀྱི་དོན་དངོས་ལ་གཞི་ཚུགས་པ་དང་། ཡུལ་བབ་དང་བསྟུན་པ། བྱ་ཐབས་མང་པོ་མཉམ་སྤྱོད་བཅས་ཀྱིས“གསང་སྤྱོད་གསར་བརྗེའི”ལས་དོན་མཐར་ཕྱིན་པ་སྤེལ་བ་རེད།
         ལྷ་སའི་བར་སྐོར་དུ“གསང་སྤྱོད་རེར་ཡིག་ཚགས་རེ”བཟོས་ནས་ཁྱོན་ཡོངས་ལ་དོ་དམ་བྱེད་པ།
         ལྷ་ས་གྲོང་ཁྱེར་གྱི“སྒང”བཞིའི་གྲས་ཤིག་ཡིན་པའི་ཐལ་སྤུངས་སྒང་གཙུག་ལག་ཁང་གི་ཤར་ངོས་དང་། དབྱི་སི་ལན་ཕྱག་ཁང་། མཚམས་ཁུང་བཅས་ཀྱི་དབར་གནས་པ་དང་། བར་སྐོར་ལམ་རྒྱུད་དུ་གཏོགས་པས་ལྷ་སར་གྲགས་ཆེ་བའི་ས་ཁུལ་གྱི་གྲས་ཤིག་རེད་ལ། མི་འབོར་འདུ་འཛོམས་ཆེ་བའི་ཁུལ་ཞིག་ཀྱང་རེད། དེ་ག་ནི་སྔོན་ཆད་གྲོང་འདབས་ཀྱི་མང་ཚོགས་ཚོས་ལྕི་བ་དང་འབུད་ཤིང་སོགས་སྡེབ་ཚོང་བྱེད་སའི་ཁྲོམ་ར་ཡིན་པས་བཙོག་ཟིང་ཆེ་ཞིང་གང་སར་དྲི་ངན་གྱིས་ཁེངས་ཡོད།
         ཤེས་རྟོགས་བྱུར་བར་གཞིགས་ན། 2004ལོར་ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་བར་སྐོར་གྱི་ལོ་རྒྱུས་རིག་གནས་ཁྲོམ་གཞུང་སྲུང་སྐྱོང་དང་བཅོས་སྒྲིག་བྱེད་རིང་གསང་སྤྱོད་ཀྱི་བསྐྱར་སྐྲུན་ཚུད་ཡོད། 2012ལོར་སླེབས་སྐབས་བར་སྐོར་གྱི་གསང་སྤྱོད་ཚང་མ་ཆུས་དེད་པའི་གསང་སྤྱོད་ལ་སྒྱུར་བཅོས་བྱས་ནས་དོ་དམ་བྱེད་མཁན་ཆེད་མངགས་བཀོད་སྒྲིག་བྱས་ཤིང་། གསང་སྤྱོད་རེར་ཡིག་ཚགས་རེ་བཟོས་ནས་དོ་དམ་ལེགས་པོ་བྱས་པ་རེད།
         གཞིས་རྩེ་གྲོང་ཁྱེར་གྲོ་མོ་མཐའ་མཚམས་རྫོང་གིས“བཅུ་ཆ་གསུམ་གྱི་འཛུགས་སྐྲུན་དང་བཅུ་ཆ་བདུན་གྱི་དོ་དམ”ལ་མཐོང་ཆེན་བྱེད་པ།
          གསར་འགོད་པ་ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་སུ་གནས་པའི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་དུ་སྐྱོད་སྐབས། ཁྲོམ་ལམ་ཁ་ཤས་ལས་མེད་པའི་རྫོང་གྲོང་ཆུང་ངུར་སྨི་200ནས་སྨི་300བར་དུ་སྤྱི་པའི་གསང་སྤྱོད་རེ་ཡོད་པ་མ་ཟད། འཁྲུག་ཆ་དོད་པའི་ཚོང་ལས་ཁུལ་གྱི་ཚོང་ཁང་མང་པོ་དང་མཉམ་དུ་གནས་པ་མཐོང་བྱུང་།
          གྲོ་མོ་རྫོང་རྫོང་ཨུད་ཀྱི་ཧྲུའུ་ཅི་ཧྲུའུ་ཁྲེང་ཁུན་གྱིས་གྲོང་མོ་རྫོང་གིས་ཆེད་མངགས་མི་སྣ་བཀོད་སྒྲིག་བྱས་ནས་ཕྱི་ཕྱོགས་སུ་བརྟག་ཞིབ་བྱེད་པར་མངགས་པ་དང་། སྲིད་གཞུང་གིས་ཞབས་ཞུའི་ལས་གནས་ཉོ་བའི་རྣམ་པ་སྤྱོད་རྒྱུའི་ཐག་བཅད་དེ་འོས་སྐུལ་གྱི་བྱ་ཐབས་བརྒྱུད་ཕྱོགས་གསུམ་པར་དོ་དམ་དང་སྲུང་སྐྱོང་བྱ་རྒྱུའི་མངགས་བཅོལ་བྱས་ཡོད་ཅེས་གསར་འགོད་པར་བརྗོད་བྱུང་།
         “བཅུ་ཆ་གསུམ་གྱི་འཛུགས་སྐྲུན་དང་བཅུ་ཆ་བདུན་གྱི་དོ་དམ་བྱས”ཤིང་། མང་ཚོགས་ཚོའི་གསང་སྤྱོད་ཀྱི་ཆ་རྐྱེན་ལེགས་བཅོས་དཔྱིས་ཕྱིན་པ་བྱེད་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་འཕྲོད་བསྟེན་བཙོག་ཟིང་ཞན་གསུམ་གྱི་རྣམ་པ“བཅོས་སྒྲིག་མཐར་ཕྱིན་པ”བྱ་ཆེད། གྲོ་མོ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས“གསང་སྤྱོད་གསར་བརྗེ”དམ་འཛིན་བྱ་གཞིར་བྱས་ནས“ཚོང་ལས་ཅན་གྱི་ཁྲོམ་རར་བརྟེན་ཏེ་གསང་སྤྱོད་སྐྲུན་པ་དང་། དོ་དམ། བདག་གཉེར”བཅས་ཀྱི་ཕུགས་ཕན་གཉེར་སྐྱོང་ལམ་སྲོལ་འཚོལ་ཞིབ་བྱས་ཡོད།
         མཛེས་ལྗོངས་ཁུལ་དང་ས་ཚིགས་ཀྱི་དཔེ་གསར་གསང་སྤྱོད་མི་རྣམས་ཀྱི་མིག་ལམ་དུ་མངོན་པ།
         ན་ནིང་གི་ལོ་མཇུག་ཏུ་བོད་ཀྱིས་ལྗོངས་ཡོངས་ཀྱི་འགྲིམ་འགྲུལ་ལམ་རྒྱུད་ཀྱི་མ་ལམ་དང་། ཡུལ་སྐོར་མཛེས་ལྗོངས་ཁུལ། རྫོང་།(ཆུས) ཤང་།(གྲོང་རྡལ) གྲོང་ཚོ།(གྲོང་ལྷན) སྣུམ་སྣོན་ས་ཚིགས། ཚོང་ལས་ཀྱི་དྲ་ཚུགས་བཅས་སུ་གསང་སྤྱོད་འཆར་འགོད་དང་གསར་སྐྲུན་དང་སྒྱུར་བཀོད་བྱེད་འགོ་བཙུགས་ནས་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པ་དང་། ཚན་རིག་དང་མཐུན་པའི་བཀོད་སྒྲིག བྱེད་ནུས་ཆ་ཚང་བ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། ཁྱད་ཆོས་མངོན་གསལ་དོད་པ་བཅས་ཀྱི་སྤྱི་པའི་གསང་སྤྱོད་རིམ་པས་བསྐྲུན་ཡོད།
          “དམངས་འཚོའི་ཆེད་དང་། འབྱོར་འབྲིང་སྐྲུན་པ། ཤེས་དཔལ་གཏོད་པ་བཅས་སྤྱི་ཡོངས་ནས་ང་ཚོས‘གསང་སྤྱོད་གསར་བརྗེ’མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཀྱི་ལས་དོན་ཞིབ་ཕྲ་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས་ཏེ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ལ་ཤུགས་རྐྱེན་ངན་པ་ཐེབས་པའི་ཞན་ཆ་ཧུར་ཐག་སེལ་བཞིན་ཡོད”ཅེས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།