འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཕུ་ཅིང་གིས་ཨུ་རུ་སུའི་ཀྲུང་དབྱང་འདེམས་བསྐོ་ཨུ་ལྷན་ལ་སྲིད་འཛིན་འདེམས་བསྐོའི་ཡིག་ཆ་ཕུལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་28ཉིན། 16:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་27ཉིན། ཨུ་རུ་སུའི་སྲིད་འཛིན་ཕུ་ཅིང་གིས་ཨུ་རུ་སུའི་ཀྲུང་དབྱང་འདེམས་བསྐོ་ཨུ་ལྷན་ལ་སྒེར་གྱི་འདེམས་བསྐོའི་འོས་མིའི་ཐོབ་ཐང་ངོས་ནས་2018ལོའི་ཨུ་རུ་སུའི་སྲིད་འཛིན་འདེམས་བསྐོར་ཞུགས་རྒྱུའི་ཡིག་ཆ་ཕུལ་བ་རེད། ཀྲུང་དབྱང་འདེམས་བསྐོ་ཨུ་ལྷན་གྱིས་ཡིག་ཆ་ཞིབ་བཤེར་གྱི་ལས་ཀ་ཉིན་ལྔའི་ནང་ཚར་རྒྱུ་ཡིན་ལུགས་བསྟན་པ་རེད།
          ཨུ་རུ་སུའི་སྲིད་འཛིན་འདེམས་བསྐོའི་ཁྲིམས་ལུགས་ཀྱི་གཏན་འབེབས་སུ། སྲིད་འཛིན་འདེམས་བསྐོའི་འོས་མིས་སྲིད་ཏང་གི་འོས་མིའི་འདེམས་བསྐོ་དང་རང་ཉིད་འོས་སྦྱོར་གྱི་རྣམ་པ་གཉིས་ཀྱི་ཐོག་ནས་འདེམས་བསྐོར་ཞུགས་ཆོག་པ་རེད། སྲིད་ཏང་གིས་རང་ཚོགས་པའི་འཐུས་མི་ཚོགས་ཆེན་དུ་འདེམས་བསྐོའི་འོས་མི་དཔྱད་འདེམས་བྱེད་ཅིང་། སྒེར་གྱི་འདེམས་བསྐོའི་འོས་མི་ནི་ངེས་པར་དུ་མི་500ལས་མང་བའི་གྲོས་འདོན་ཚོགས་པ་ཞིག་བསྡུས་རྗེས། མི་ཁྲི་30ལྷག་ཙམ་གྱི་རྒྱབ་སྐྱོར་བྱེད་པའི་ཐོ་འགོད་བསྡུ་རུབ་བྱེད་དགོས་པར་མ་ཟད། ས་གནས་ཁག་གི་ཐོ་འགོད་དེ་7500ལས་བརྒལ་མི་ཆོག་པ་རེད།
          ཉེ་ཆར། ཕུ་ཅིང་གིས་སྒེར་གྱི་འདེམས་བསྐོའི་འོས་མིའི་ཐོབ་ཐང་ཐོག་ནས་སྲིད་འཛིན་འདེམས་བསྐོར་ཞུགས་རྒྱུ་ཡིན་ལུགས་བསྒྲགས་པ་དང། ཕུ་ཅིང་ལ་རྒྱབ་སྐྱོར་བྱེད་མཁན་མི་གྲངས་668ཀྱིས་ཚོགས་འདུ་འཚོགས་ཏེ་འདེམས་བསྐོའི་གྲོས་འདོན་ཚོགས་པ་བཙུགས་ནས་ཕུ་ཅིང་སྲིད་འཛིན་འདེམས་བསྐོའི་འོས་མིར་བདམས་པ་རེད།
         ཨུ་རུ་སུའི་སྲིད་འཛིན་འདེམས་བསྐོ་ནི་2018ལོའི་ཟླ་3ཚེས་18ཉིན་སྤེལ་རྒྱུ་ཡིན་ཞིང་། འདེམས་བསྐོའི་བྱེད་སྒོ་ནི་2017ལོའི་ཟླ་12ཚེས་18ཉིན་ནས་བཟུང་དངོས་སུ་འགོ་བརྩམས་པ་རེད། འདེམས་བསྐོའི་འོས་མིས་འབྱུང་འགྱུར་གྱི་ཉིན་90རིང་ལ། ཀྲུང་དབྱང་གི་འདེམས་བསྐོ་ཨུ་ལྷན་ལ་འབྲེལ་ཡོད་ཡིག་ཆ་འབུལ་བ་དང་། འདེམས་དམངས་ཀྱི་ཐོ་བཀོད་བསྡུ་རུབ་བྱེད་པ། འདེམས་བསྐོའི་རྩ་འཛིན་དྲིལ་བསྒྲགས་བྱེད་པ། སྨྱན་སྦྱོར་བརྒྱུད་ནས་ངོ་རྒོལ་བྱེད་མཁན་ཕྱོགས་དང་བགྲོ་གླེང་བྱེད་པ་སོགས་ཀྱི་ཁྲིམས་ལུགས་གཏན་འབེབས་ཀྱི་འབྲེལ་ཡོད་ལས་རིམ་བསྒྲུབ་དགོས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།