འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས"བོད་ཀྱི་གསོ་རིག་སྨན་པ་གྲགས་ཅན་བརྒྱའི་འཆར་གཞི"ལག་ལེན་བསྟར་ནས་
    བོད་ཀྱི་གསོ་བ་རིག་པ་གང་མགྱོགས་མྱུར་སྐྱོབ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་28ཉིན། 15:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སྨན་གཞུང་རྒྱུན་འཛིན་དང་བོད་ཀྱི་གསོ་རིག་མྱུར་སྐྱོབ་མགྱོགས་པོ་བྱས་ཏེ་བོད་ཀྱི་གསོ་བ་རིག་པའི་སློབ་གསོའི་བྱ་གཞག་གི་བློ་མཛོད་ཅིག་འཛུགས་ཆེད། “བོད་ཀྱི་གསོ་རིག་སྨན་པ་གྲགས་ཅན་བརྒྱའི་འཆར་གཞི”2017ལོའི་ཟླ་12ཚེས་26ཉིན་དངོས་སུ་ལག་ལེན་བསྟར་བ་རེད།
         མཚོ་སྔོན་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་ཆོས་སྐྱོང་སྲུང་མ་ཡིས་ངོ་སྤྲོད་བྱས་པར། ལོ་མང་རིང་བོད་ཀྱི་གསོ་བ་རིག་པར་ཞིབ་འཇུག་བྱེད་པའི་རིགས་གཅིག་མཁས་པ་དང་མཁས་དབང་རྣམས་རང་རྒྱལ་གྱི་བོད་ལྗོངས་དང་། མཚོ་སྔོན། ཀན་སུའུ། སི་ཁྲོན། ཡུན་ནན་བཅས་ཀྱི་བོད་རིགས་ས་ཁུལ་དུ་བསྐྱོད་དེ་རིགས་གཅིག་མཁས་པར་འཚོལ་འདྲི་བྱས་པ་དང་། 2012ལོར“ཞིང་ཆེན་(ལྗོངས)ལྔ་ཡི་བོད་རིགས་ས་ཁུལ་གྱི་བོད་ཀྱི་གསོ་རིག་སྨན་པ་གྲགས་ཅན་བརྒྱའི་མིང་གཞུང”ལེགས་སྒྲིག་བྱས་ཏེ། དམ་ཆོས་དང་། བསམ་གཏན། རྒྱལ་མཚན། ཉི་མ་སོགས་བོད་ཀྱི་གསོ་རིག་སྨན་པ་གྲགས་ཅན་བདུན་གྱི་རིག་གཞུང་གི་བསམ་བློ་དང་སྨན་བཅོས་ཀྱི་ཉམས་མྱོང་སྔ་རྗེས་སུ་རྒྱུན་འཛིན་བྱས་ནས་《དཔེ་རྙིང་བརྒྱའི་དཔེ་ཚོགས་》དང་། 《བོད་ཀྱི་གསོ་བ་རིག་པའི་སྨན་གཞུང་ཆེ་མོ་》སོགས་ཀྱི་རྒྱུ་ཆ་མྱུར་སྐྱོབ་དང་། ལེགས་སྒྲིག དཔེ་སྐྲུན་བཅས་བྱས་པ་རེད། ཡིན་ནའང་བོད་ཀྱི་གསོ་བ་རིག་པའི་ཐོན་ཁུངས་མྱུར་སྐྱོབ་དང་། སྔོག་འདོན་བྱེད་པའི་བརྒྱུད་རིམ་ཁྲོད་བོད་ཀྱི་གསོ་རིག་སྨན་པ་གྲགས་ཅན་རྒན་རབས་འགའ་སྔ་གཞུག་ཏུ་སྐུ་གཤེགས་ནས་བོད་ཀྱི་གསོ་བ་རིག་པའི་རྒྱུན་འཛིན་ལ་དཀའ་ངལ་ཕྲད་ཡོད།
         དེར་བརྟེན་མཚོ་སྔོན་སློབ་ཆེན་གྱི་བོད་ལུགས་གསོ་རིག་སློབ་གླིང་གིས་སློབ་གླིང་བཙུགས་ནས་ལོ་30འཁོར་བའི་མཚམས་སུ“བོད་ཀྱི་གསོ་རིག་སྨན་པ་གྲགས་ཅན་བརྒྱའི་འཆར་གཞི”ལག་ལེན་བསྟར་ནས་དགེ་རྒན་གྱིས་དགེ་ཕྲུག་འཁྲིད་པ་དང་། གཟབ་སྦྱོང་བྱེད་པ། བསླབ་གཞི་རྩོམ་འབྲི་བྱེད་པ་སོགས་ཀྱིས་བོད་ཀྱི་གསོ་བ་རིག་པའི་རིག་གཞུང་གི་བསམ་བློ་དང་སྨན་བཅོས་ཀྱི་ཉམས་མྱོང་རྒྱུན་འཛིན་བྱས་ཤིང་། མཚོ་སྔོན་སློབ་ཆེན་གྱི་བོད་ཀྱི་གསོ་བ་རིག་པའི་དགེ་རྒན་ཆེ་མོ་བ་འབུམ་རམས་སློབ་མའི་དགེ་རྒན་ཀླུ་བྱམས་རྒྱལ་གྱིས“བོད་ཀྱི་གསོ་རིག་སྨན་པ་གྲགས་ཅན་བརྒྱའི་འཆར་གཞི”ལ་བརྟེན་ནས་བོད་ཀྱི་གསོ་རིག་སྨན་པ་གྲགས་ཅན་གྱི་རིག་གཞུང་བསམ་བློ་དང་། ནད་བཅོས་ཉམས་མྱོང་། ལག་རྩལ་རྒྱུན་འཛིན་བཅས་ནི་བོད་ཀྱི་གསོ་རིག་སློབ་གསོའི་བྱ་གཞག་རང་ངོས་ཀྱི་བློ་མཛོད་ཅིག་རེད”ཅེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།