འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།འཕྱོངས་རྒྱས་རྫོང་དུ་རྒྱང་བསྒྲགས་བརྙན་འཕྲིན་ཁང་གི་ཁ་བྱང་བཀལ་ནས་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་28ཉིན། 14:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་26ཉིན། འཕྱོང་རྒྱས་རྫོང་གིས་རྒྱང་བསྒྲགས་བརྙན་འཕྲིན་ཁང་བཙུགས་པ་སྟེ་ཁ་བྱང་འགེལ་བའི་མཛད་སྒོ་འཚོགས་པ་རེད། ཉེ་བའི་ལོ་འགའི་རིང་འཕྱོངས་རྒྱས་རྫོང་གིས་རིག་གནས་ལས་དོན་དང་། དྲིལ་བསྒྲགས་ལས་དོན་ལེགས་སྒྲུབ་བྱ་ཆེད། འཕྱོངས་རྒྱས་རྫོང་རྒྱང་བསྒྲགས་བརྙན་འཕྲིན་ཁང་གིས་སྔ་གཞུག་ཏུ་མ་དངུལ་སྒོར་ཁྲི་60བཏང་ནས་བརྙན་འཕྲིན་ཁང་གི་སྒྲིག་ཆས་མཐོར་འདེགས་གཏོང་བའི་ལས་གཞི་ལག་བསྟར་དང་། མ་དངུལ་སྒོར་ཁྲི་123བཏང་ནས་རྫོང་ཡོངས་ཀྱི་སྐུད་ཡོད་གྲངས་འཛིན་བརྙན་འཕྲིན་མཐའ་སྣེ་ལས་གཞི་ལག་བསྟར། སྒོར་ཁྲི་99བཏང་ནས་སྐུད་ཡོད་གྲངས་འཛིན་བརྙན་འཕྲིན་སྒྲིག་སྦྱོར་དང་སྲུང་སྐྱོང་ལ་བཅས་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།