འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་ཞིང་ཆེན་གྱི་ཐང་ག་སྒྱུ་རྩལ་བརྩམས་ཆོས་རྩེ་གྲ་འགྲེམས་སྟོན་སྐབས་དང་པོ་ཁྲེན་ཏུའུ་
    གྲོང་ཁྱེར་དུ་གཉེར་འགོ་བརྩམས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་28ཉིན། 14:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།སི་ཁྲོན་ཞིང་ཆེན་གྱི་ཐང་ག་སྒྱུ་རྩལ་བརྩམས་ཆོས་རྩེ་གྲ་འགྲེམས་སྟོན་སྐབས་དང་པོ་ཁྲེན་ཏུའུ་
གྲོང་ཁྱེར་དུ་གཉེར་འགོ་བརྩམས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་26ཉིན། "བདེ་བ་ཅན་གྱི་ཞིང་ཁམས་ཏེ། སི་ཁྲོན་ཞིང་ཆེན་གྱི་ཐང་ག་སྒྱུ་རྩལ་བརྩམས་ཆོས་རྩེ་གྲ་འགྲེམས་སྟོན་སྐབས་དང་པོ"ཁྲེན་ཏུའུ་གྲོང་ཁྱེར་དུ་དངོས་སུ་གཉེར་འགོ་ཚུགས་པ་རེད།
        ཐེངས་འདིའི་འགྲེམས་སྟོན་དུ་ཁྱོན་བསྡོམས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དང་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གཉིས་ཀྱི་ལྷ་རིས་པ་ཚོས་ཞིབ་མོའི་བློ་ཡིས་གསར་དུ་བྲིས་པའི་ཐང་ག་བརྩམས་ཆོས་108འགྲེམས་སྟོན་བྱས་པ་རེད། དེའི་ནང་དུ་《པཎ་ཆེན་སྐུ་ཕྲེང་བཅུ་པ་》ཞེས་པ་དང་།  《གངས་རིའི་བུ་ཕྲུག་》ཅེས་པ།  《གངས་ལྗོངས་མི་ཉམས་ཡུན་གནས་རི་མོ་》ཞེས་པ། 《བཀྲ་ཤིས་པའི་ལམ་》ཞེས་པ་སོགས་བརྩམས་ཆོས་གྲགས་ཅན་འདུས་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི"བདེ་བ་ཅན་གྱི་ཞིང་ཁམས་ཏེ། སི་ཁྲོན་ཞིང་ཆེན་གྱི་ཐང་གར་སྒྱུ་རྩལ་བརྩམས་ཆོས་རྩེ་གྲ་འགྲེམས་སྟོན་སྐབས་ཐོག་མ"ནི་ཟླ་12ཚེས་26ཉིན་ནས་ཟླ་12ཚེས་31ཉིན་བར་དུ་སི་ཁྲོན་ཞིང་ཆེན་མཛེས་རྩལ་ཁང་དུ་རིན་པ་མི་དགོས་པར་འགྲེམས་སྟོན་བྱ་རྒྱུ་རེད།
    ༄༅།།སི་ཁྲོན་ཞིང་ཆེན་གྱི་ཐང་ག་སྒྱུ་རྩལ་བརྩམས་ཆོས་རྩེ་གྲ་འགྲེམས་སྟོན་སྐབས་དང་པོ་ཁྲེན་ཏུའུ་
གྲོང་ཁྱེར་དུ་གཉེར་འགོ་བརྩམས་པ།
      

    ཕྱོགས་བསྡུས་གསར་འགྱུར།