འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།2018ལོར་རང་རྒྱལ་གྱིས་སྡོད་ཁང་སྐྱོ་ཁུལ་ཁྲི་580སྒྱུར་བཀོད་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་27ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའི་པུའུ་ཀྲང་ཝང་མོང་ཝུའེ་ཡིས་2018ལོར་རེས་སྐོར་གསར་པའི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་སྡོད་ཁང་སྐྱོ་ཁུལ་རིགས་མི་འདྲ་བ་ཁྲི་580སྒྱུར་བཀོད་བྱ་རྒྱུ་རེད་ཅེས་བཤད།
         ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོར་རང་རྒྱལ་གྱིས་རིགས་མི་འདྲ་བའི་སྡོད་ཁང་སྐྱོ་ཁུལ་ཁྲི་609སྒྱུར་བཀོད་བྱེད་འགོ་བཙུགས་ནས་ལོ་འཁོར་གྱི་དམིགས་ཚད་ལས་འགན་བདེ་བླག་ངང་ལེགས་སྒྲུབ་བྱས་པ་དང་མ་འཇོག་སྒོར་དུང་ཕྱུར་ཁྲི་1.84བྱས་ཡོད་པ་རེད།
         ཝང་མོང་ཝུའེ་ཡིས་སྤྱི་པའི་བོགས་གཏོང་ཁང་པའི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས་སྤྱི་པའི་བོགས་གཏོང་ཁང་པར་དངོས་པོ་མཁོ་སྤྲོད་བྱེད་མང་དུ་གཏོང་བ་དང་། སྤྱི་པའི་བོགས་གཏོང་ཁང་པ་འགན་ལེན་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ། ཁོར་ཡུག་གཙང་སྦྲ་དང་སྤྱི་སྤྱོད་འགྲིམ་འགྲུལ་སོགས་ལས་རིགས་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ལ་སྔོན་ལ་འགན་ལེན་བྱེད་པ་བཅས་ཀྱི་ཐོག་ནས། ཆ་རྐྱེན་དང་འཚམ་པའི་གསར་དུ་ལས་ཞུགས་ཐུབ་པའི་ཁང་པ་མེད་པའི་ལས་བཟོ་དང་། ཕྱི་ནས་གླ་པར་ཡོང་མཁན། སྨན་པ་གཞོན་ནུ། དགེ་རྒན་གཞོན་ནུ་བཅས་འགན་ལེན་ཁྱབ་ཁོངས་ནང་བཅུག་སྟེ་མ་མཐའི་འཚོ་བ་འགན་ལེན་དང་ཡོང་འབབ་དམའ་ལ་སྡོད་ཁང་ཐད་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་ཆ་མཚོན་ན་འགན་ལེན་བྱེད་དགོས་རིགས་ཚང་མ་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།