འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་ཚད་རྡུལ་ཆ་འཕྲིན་ཚན་རིག་ཞིབ་འཇུག་ཁང་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་27ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི་ཚད་རྡུལ་ཆ་འཕྲིན་ལག་རྩལ་གྱི་མཐོ་གནོན་བཙན་ས་བཟུང་བར་སྐུལ་འདེད་གཏོང་རྒྱུ་དམིགས་ཡུལ་དུ་བྱས་པའི་པེ་ཅིང་ཚད་རྡུལ་ཆ་འཕྲིན་ཚན་རིག་ཞིབ་འཇུག་ཁང་ཟླ་12ཚེས་24ཉིན་པེ་ཅིང་དུ་བཙུགས་པ་དང་། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཞུའེ་ཆི་ཁུན་ཞིབ་འཇུག་ཁང་གི་ཡོན་ཀྲང་ལ་བདམས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། པེ་ཅིང་ཚད་རྡུལ་ཆ་འཕྲིན་ཚན་རིག་ཞིབ་འཇུག་ཁང་གིས“རྒྱལ་ཁབ་ཀྱི་འཕྲལ་མཁོ་དང་། འཛམ་གླིང་གི་རྩེར་སོན། རྒྱལ་སྤྱིའི་ཁྲིད་སྟོན”བཅས་ཀྱི་འཛུགས་སྐྲུན་འདུ་ཤེས་མཐའ་འཁྱོངས་ཀྱིས་འཛམ་གླིང་ཚད་རྡུལ་དངོས་ཁམས་དང་ཚད་རྡུལ་ཆ་འཕྲིན་རིག་པའི་མདུན་གྲལ། རྒྱལ་ཁབ་ཀྱིས་ཚད་རྡུལ་ཆ་འཕྲིན་ལག་རྩལ་ཀྱི་འཐབ་ཇུས་ལ་མཁོ་བར་དམིགས་ནས་པེ་ཅིང་གི་ད་ཡོད་ཚད་རྡུལ་གྱི་དངོས་པོའི་རྣམ་པའི་ཚན་རིག་དང་། ཚད་རྡུལ་འཕྲིན་གཏོང་། ཚད་རྡུལ་རྩིས་རྒྱག ཚད་རྡུལ་རྒྱུ་ཆ་དང་ལྷུ་ལག ཚད་རྡུལ་ཚད་འཇལ་ཞིབ་ཚགས་སོགས་ཁྱབ་ཁོངས་ཀྱི་རྐང་འཛིན་སྟོབས་ཤུགས་བསྡུ་སྒྲིལ་བྱས་ནས་གོ་ལ་ཧྲིལ་པོའི་རྩེ་རིམ་ཤེས་ལྡན་མི་སྣ་ནང་འདྲེན་ཤུགས་ཆེན་བྱས་ཏེ་རྒྱལ་སྤྱིའི་རྩེར་སོན་གྱི་ཚན་རིག་མཁས་ཅན་གྱིས་ལྟེ་བར་བྱེད་པའི་གྲུབ་ཆ་བརྟན་པོ་དང་ཚན་རིག་ཆ་ཚང་བའི་ཞིབ་འཇུག་རུ་ཁག་ཆགས་པ་དང་ཆབས་ཅིག འཛམ་གླིང་རིམ་པའི་ཆུ་ཚད་ཀྱི་ལག་རྩལ་ཆེ་མོ་བ་ལས་གྲུབ་པའི་ལག་རྩལ་འགན་ལེན་ཚོགས་པ་ཞིག་བཙུགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།