འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་གློག་དྲའི"རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས"ཀྱི་གློག་ཤུགས་ཧ་ཅང་
    ཆེ་བའི་ལས་གྲྭ་ཕྱོགས་ཡོངས་ནས་མཇུག་འགྲིལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་27ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་25ཉིན“ནུབ་གློག་ཤར་གཏོང”གི་བགྲོད་ལམ་གཞན་ཞིག་སྟེ་ནང་སོག་གི་ཧྲང་ཧའེ་ལྷ་ཁང་ནས་ཧྲན་ཏུང་ལིང་དབྱི་བར་གྱི་གློག་ཤུགས་ཧ་ཅང་ཆེ་བའི་ཐད་རྒྱུག་ལས་གྲྭ་མཇུག་འགྲིལ་བ་རེད། མིག་སྔའི་བར་དུ་རྒྱལ་ཁབ་གློག་དྲ་ཀུང་སིས་རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་བྱ་སྤྱོད་འཆར་གཞིའི་གློག་ཤུགས་ཧ་ཅང་ཆེ་བའི་ལས་གྲྭ་8ཕྱོགས་ཡོངས་ནས་མཇུག་འགྲིལ་བ་རེད།
         གློག་ཤུགས་ཧ་ཅང་ཆེ་བ་ནི་ཆན་ཧྥུ་1000ཡན་གྱི་སྤེལ་རྒྱུག་དང་+ཆན་ཧྥུ་800ཡན་གྱི་ཐད་རྒྱུག་གློག་གཏོང་ལས་གྲུབ་པ་དང་། ཕྱོགས་གཅིག་ནས“གློག་ཐག་རིང་ནས་འཁྲིད”ཐུབ་ནས་སྨུག་རྡུལ་གྱི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་པ་དང་། ཕྱོགས་གཞན་ཞིག་ནས“གློག་གཙང་མ་ཕྱིར་གཏོང”ཐུབ་ནས་ནུས་རྒྱུའི་རྟེན་གཞིའི“གློག་དཀོན་པའི”དཀའ་གནད་སེལ་ཐུབ་ཀྱི་ཡོད་པ་རེད། མིག་སྔར་རང་རྒྱལ་ནི་འཛམ་གླིང་གི་གློག་ཤུགས་ཧ་ཅང་ཆེ་བའི་ལག་རྩལ་རྩེར་སོན་ཁོང་དུ་ཆུད་པ་དང་འབྲེལ་སྤྱོད་མཁན་གྱི་རྒྱལ་ཁབ་གཅིག་པུ་དེ་རེད།
         ཉེ་བའི་ལོ་གསུམ་རིང་རྒྱལ་ཁབ་གློག་དྲས་སྤེལ་རྒྱུག་སྐུད་ལམ་4དང་ཐད་རྒྱུག་སྐུད་ལམ་6བཅས་ཁྱོན་གློག་ཤུགས་ཧ་ཅང་ཆེ་བའི་སྐུད་ལམ་10བསྐྲུན་ཡོད། དེ་དག་ལས་སྐུད་ལམ་8རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་ཀྱི་བྱ་སྤྱོད་འཆར་གཞིར་བཅུག་ཡོད་པ་དང་། སྐུད་ལམ་2བྱང་ཤར་བཟོ་ལས་རྟེན་གཞི་ཁུལ་རྙིང་པ་དར་རྒྱས་གཏོང་བ་དང་དེ་བཞིན་ནུབ་རྒྱུད་ཀྱི་ནུས་རྒྱུ་གཙང་མ་བསྡུ་ཉར་གཙང་སེལ་ལ་སྐུལ་འདེད་གཏོང་བའི་ལས་གྲྭར་བཅུག་ཡོད།
         ངོ་སྤྲོད་བྱས་པར་གཞིགས་ན། གློག་ཤུགས་ཧ་ཅང་ཆེ་བ་10ཡི་ལས་གྲྭར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་2200བཏང་བ་དང་། སྐུད་ལམ་ཧྲིལ་པོའི་རིང་ཚད་ལ་སྤྱི་ལེ་ཁྲི་1.6ཡོད་ཅིང་། གློག་སྒྱུར་ཤོང་ཚད་ཆན་ཧྥུ་ཨན་དུང་ཕྱུར་1.74ཟིན་ཡོད། ལས་གྲྭ་དེ་ཞིང་ཆེན་དང(རང་སྐྱོང་ལྗོངས། གྲོང་ཁྱེར)བཅས་16ལས་བསྒྲལ་ཡོད།
         རྒྱལ་ཁབ་གློག་དྲ་ཀུང་སིའི་ཏུང་ཧྲི་ཀྲང་ཧྲུའུ་ཡིང་པིའོ་ཡིས་ལས་གྲྭ་ཕྱོགས་ཡོངས་ནས་བསྐྲུན་ནས་གཉེར་སྐྱོང་བྱེད་འགོ་ཚུགས་རྗེས། ཤར་རྒྱུད་དང་དབུས་རྒྱུད་ས་ཁུལ་དུ་གློག་འཁྲིད་ཚད་ཆན་ཝ་ཁྲི་8000ཟིན་ནས་ལོ་ལྟར་རྡོ་སོལ་སྐྱེལ་འདྲེན་བྱེད་ཚད་ཏུན་དུང་ཕྱུར་1.8ཉུང་དུ་འགྲོ་རྒྱུ་དང་། PM2.5ཡི་གར་ཚད་4%ནས་5%ཆག་རྒྱུ་རེད། དེས་པེ་ཅིང་དང་། ཐན་ཅིང་། ཧོ་པེ། ཧྲན་ཏུང་བཅས་དང་དེ་བཞིན་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་གློག་སྤྱོད་ཀྱི་དགོས་མཁོ་ནུས་ལྡན་བསྐངས་ནས་ནུས་རྒྱུ་གྲོན་ཆུང་དང་། བཙོག་འབུད་ཉུང་གཏོང་། རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བར་སྐུལ་འདེད་ཐུབ་རྒྱུ་རེད་ཅེས་བརྗོད།
         མིག་སྔའི་བར་རྒྱལ་ཁབ་གློག་དྲའི་ནུས་རྒྱུ་གསར་པའི་དྲ་སྦྲེལ་གྱི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ལ་ཆན་ཝ་དུང་ཕྱུར་2.7ལྷག་ཙམ་ཟིན་ནས་འཛམ་གླིང་གི་རླུང་ཤུགས་གློག་ཁང་དང་ཉི་ནུས་གློག་འདོན་དྲ་སྦྲེལ་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་གློག་དྲ་ཞིག་ཏུ་གྱུར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།