འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོར་རྒྱལ་ཡོངས་ཀྱི་ནགས་ཚལ་ཡུལ་སྐོར་གྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་
    དུང་ཕྱུར་ཁྲི་1ཙམ་ཟིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་27ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཀྲུང་གོའི་ལྗང་མདོག་དུས་རབས་ཚགས་པར་གྱི་ལོ་འཁོར་གྱི་དབུ་ཚོགས་དང་2017ལོའི་ཀྲུང་གོའི་ནགས་ཚལ་གསོ་རླུང་གླེང་སྟེགས་སྐབས་དང་པོ་ནས་ཤེས་རྟོགས་བྱུང་བར། 2016ལོར་རྒྱལ་ཡོངས་ཀྱི་ནགས་ཚལ་ཡུལ་སྐོར་གྱི་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར་12ཟིན་པ་དང་ནགས་ཚལ་ཡུལ་སྐོར་གྱི་ཡུལ་སྐོར་བས་རྒྱལ་ནང་ཡུལ་སྐོར་གྱི་མི་གྲངས་ལས་བཟུང་བའི་བསྡུར་གྲངས་27%ལས་བརྒལ་ནས། སྤྱི་ཚོགས་ཀྱི་ཕྱོགས་བསྡུས་ཐོན་རྫས་རིན་ཐང་གཏོད་ཚད་སྒོར་དུང་ཕྱུར་9500ཟིན་ཡོད་པ་རེད། ནགས་ཚལ་ཡུལ་སྐོར་དེ་འཕེལ་རྒྱས་ཀྱི་མདུན་ལམ་ཡངས་པའི་ནགས་ལས་ཀྱི་ཉི་གཞོན་ཐོན་ལས་སུ་གྱུར་པ་དང་། དཔལ་འབྱོར་ནགས་ཚལ་ཐོན་རྫས་འདེབས་འཛུགས་དང་སྔོག་འཐུའི་ལས་རིགས་དང་། ཤིང་ཆ་ལས་སྣོན། ཤིང་དང་སྨྱུག་མའི་ཐོན་རྫས་ཀྱི་བཟོ་སྐྲུན་ལས་རིགས་བཅས་ཀྱི་རྗེས་སུ་ལོར་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ཁྲི་1ལས་བརྒལ་བའི་ནགས་ལས་ཀྱི་ཀ་རྟེན་ཐོན་ལས་གསུམ་པར་འགྱུར་ཡོད།
          དབུ་ཚོགས་ཐོག་སྐབས་དང་པོའི“ཀྲུང་གོའི་ནགས་ཚལ་མཛེས་ཤོས”ཀྱི་ཨང་རིམ་ཁྱབ་བསྒྲགས་བྱས་པ་དང་། ཀན་སུའུ་ཡེ་ལིས་ཀོན་ཡུན་གྱི་ཐང་ཤིང་ནགས་ཚལ་སོགས་ནགས་ཚལ་གྱི་མཛེས་ལྗོངས་ཁུལ་15བདམས་པ་རེད། ཁག་གསུམ་པའི“ཀྲུང་གོའི་ནགས་ཚལ་གསོ་རླུང་ཁང”31ཀྱང་དབུ་ཚོགས་ཐོག་དངོས་སུ་ཁྱབ་བསྒྲགས་བྱས་པ་རེད། མིག་སྔའི་བར་ནགས་ཚལ་སྣོད་བཅུད་ལེགས་ཁུལ་115ཨང་རིམ་ནང་ཚུད་ནས“ཡུལ་སྐོར་གཤམ་སྐྱོད”ཀྱི་བཀོད་སྒྲིག་གནས་སུ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།