འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།རེ་འབོད་ལ་ཨ་ལན་མ་སློག་པར་སྡོད་དམ། ཨ་རིའི་ཕོ་བྲང་དཀར་པོའི་དྲ་ཚིགས་ཀྱིས་རེ་འབོད་
    ཞུ་བའི་བྱེད་ནུས་སྒོ་རྒྱག་རྒྱུ་ཡིན་པ།  

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་21ཉིན། 16:25】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཨ་རིའི་སྲིད་འཛིན་ཐང་ན་ཏེ་ཐེ་རོན་ཕུའུ་ཡིས་སྲིད་བསྐྱངས་པ་ནས་ཟླ་11གི་ནང་ཚུན་དུ། ཨ་རིའི་ཕོ་བྲང་དཀར་པོའི་དྲ་ཚིགས་ཀྱིས་རེ་འབོད་ཞུ་བའི་ལེ་ཚན་ནང་གི་མང་ཚོགས་ཀྱི་ཞུ་གཏུག་ཞེས་པ་དེས་ད་བར་དུ"ཨ་ལན་མ་སློག་པར་བསྡད"ཡོད་པ་དང་། གཟའ་འཁོར་འདིར་མང་ཚོགས་ཀྱི་ཞུ་གཏུག་དྲ་ཚིགས་ཀྱི་བྱེད་ནུས་དེ་གནས་སྐབས་ཐད་ཀར་སྒོ་རྒྱག་རྒྱུའི་ཐག་གཅོད་བྱས་ཡོད་པ་རེད། 
         ཨ་རིའི་ཕོ་བྲང་དཀར་པོས་ས་གནས་དེ་གའི་ཚེས་19ཉིན་གྱི་ཕྱི་དྲོའི་ཆུ་ཚོད་12ཀྱི་ཐོག"ང་ཚོ་མི་དམངས"ཞེས་པའི་རེ་འདུན་ཞུ་བའི་ལེ་ཚན་དེ་སྒོ་རྒྱག་རྒྱུའི་ཐག་གཅོད་བྱས་ཡོད་པ་དང་། སང་ལོའི་ཟླ་དང་པོའི་ཟླ་མཇུག་ཏུ་རེ་འབོད་ཞུ་བའི་སྟེགས་བུ་གསར་པ་ཞིག་ཤར་གཏོང་བྱེད་རྒྱུའི་ཁས་ལེན་བྱས་ཡོད་པ་རེད། 
         ཨ་རིའི་ཕོ་བྲང་དཀར་པོའི་དཔོན་རིགས་ཞིག་གིས་《ལྦ་ཧྲེང་ཏུན་ལྟ་ཞིབ་པའི་ཚགས་པར་》གྱི་གསར་འགོད་པར་"ད་ཡོད་ཀྱི་རེ་འདུན་དང་འབྲེལ་ཡོད་མིང་རྟགས་བཀོད་པ་ཚང་མ་ཉར་ཚགས་བྱས་ཟིན་པ་རེད། ལེ་ཚན་འདི་བསྐྱར་དུ་གཏོང་སྐབས་སྔར་བཞིན་གོ་ཆོད་ཀྱི་རེད་"ཅེས་དང་། རེ་འདུན་རྣམས་ལ་མིང་རྟགས་མཉམ་འགོད་ཀྱི་མི་གྲངས་ཚད་གཞིར་སླེབས་པའི་དུས་དེར་"ལན་སློག་འགོ་བརྩམ་རྒྱུ་རེད་"ཟེར།
         ཨ་རིའི་ཕོ་བྲང་དཀར་པོའི་དཔོན་རིགས་ཀྱིས། ལེ་ཚན་རྙིང་པ་དང་བསྡུར་ན། ལེ་ཚན་གསར་པས་ལོ་རེར་ཨ་སྒོར་ཁྲི་130གྲོན་ཆུང་ཐུབ་ཀྱི་རེད་ཅེས་བརྗོད་ཡོད་པ་རེད། 
          "ང་ཚོ་མི་དམངས"ཞེས་པའི་ལེ་ཚན་འདི་ནི་ཨ་རིའི་སྲིད་འཛིན་སྔོན་མ་པེ་ལ་ཁོ་ཨའོ་པཱ་མས་བཟོས་པ་ཞིག་ཡིན། རེ་འདུན་མིང་རྟགས་བཀོད་གྲངས་ཁྲི་10ལ་སླེབས་ཚེ་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་ལན་སློག་རྒྱུའི་ཁས་ལེན་བྱས་ཡོད་པ་རེད། 
        ཨ་རིའི་རྒྱལ་དོན་མཉམ་འབྲེལ་གསར་འགྱུར་ཁང་གི་བཤད་ཚུལ་ལ་གཞིགས་ན། རེ་འདུན་ཞུ་མཁན་གཙོ་བོ་ནི་སྲིད་འཛིན་ཐེ་རོན་ཕུའུ་ཡི་སྲིད་གཞུང་ལ་སྐྱོན་བརྗོད་བྱེད་མཁན་ཡིན་པ་ལས་རྒྱབ་སྐྱོར་བྱེད་མཁན་ཉུང་ཤས་ལས་མེད་པ་རེད། 
        ཐེ་རོན་ཕུའུ་ཡིས་ཟླ་དང་པོའི་ཚེས་20ཉིན་ནས་སྲིད་འཛིན་གྱི་འགན་འཁུར་བ་ནས་ད་བར་དུ་ཁྱོན་བསྡོམས་རེ་འདུན་ཞུ་བའི"ཚད་ལོན"ཁག་17བཟོས་ཡོད། དེའི་ནང་སྐྱེས་ཁུངས་ཚོང་པ་ཕྱུག་བདག་ཡིན་པའི་སྲིད་འཛིན་གྱི་ཁྲལ་འཇལ་ཡོངས་བསྒྲགས་ཀྱི་སྙན་ཞུའི་ཡེ་གེ་དང་། རྒྱུ་ནོར་གསང་སྲུང་ཚབ་གཉེར། ཁོ་པ་ལས་འཁྱུར་དགོངས་ཞུ་དགོས་རེའང་བཏོན་ཡོད་རུང་། ཐེ་རོན་ཕུའུ་ཡིས་ཚང་མར་ལན་བསློག་མེད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།