འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱི་ཁག་དང་པོའི"ནུས་རྒྱུའི་ཚན་རིག་ཁྱབ་གདལ་སློབ་གསོ་རྟེན་གཞིའི"སྒོ་བྱང་
    བཀལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་21ཉིན། 12:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་ཀྱི་ཁག་དང་པོའི“ནུས་རྒྱུའི་ཚན་རིག་ཁྱབ་གདལ་སློབ་གསོའི་རྟེན་གཞི”དངོས་སུ་སྒོ་བྱང་བཀལ་བ་དང་རང་རྒྱལ་གྱི་ཉིང་གློག་ཁེ་ལས་ཆེ་ཤོས་ཀྲུང་གོའི་ཀོང་ཧོ་ཚོགས་པའི་ཁོངས་གཏོགས་ཀྱི་ཏ་ཡ་མཚོ་ཁུག་དང་། དབྱང་ཅང་། ཐའེ་ཧྲན། ཉིང་ཏེ། ཧུང་ཡན་ཆུ་བོ། ཧྥང་ཁྲེན་གྲུ་ཁ་བཅས་ཉིང་གློག་རྟེན་གཞི་ཆེན་པོ་དྲུག་ལ་དུས་གཅིག་ཏུ“ནུས་རྒྱུའི་ཚན་རིག་ཁྱབ་གདལ་སློབ་གསོའི་རྟེན་གཞི”ཞེས་པའི་མཚན་སྙན་ཐོབ་པ་རེད།
         ཉེ་བའི་ལོ་ཤས་རིང་སྤྱི་དམངས་སྤྱི་ཚོགས་ཀྱི་སྤྱི་པའི་ལས་དོན་དོ་དམ་ནང་ཞུགས་པའི་འདུ་ཤེས་རིམ་བཞིན་ཟབ་ཏུ་ཕྱིན་པ་དང་བསྟུན་ནས་ནུས་རྒྱུའི་ལས་རིགས་ཀྱིས་འཕེལ་རྒྱས་མྱུར་ཚད་ཐད་སྤྱི་དམངས་དང་འབྲེལ་གཏུག་བྱེད་པའི་ཐད་སྔར་བཞིན་མི་འདང་བའི་ཆ་ཡོད་པ་དང་ལྷག་པར་དུ་ཉིང་གློག་ཁྱབ་ཁོངས་སུ་དེ་ལྟར་ཡིན། དེར་བརྟེན་ནུས་རྒྱུའི་ཚན་རིག་ཁྱབ་གདལ་སློབ་གསོའི་ལས་དོན་སྤྱི་འདོམས་བཀོལ་སྤྱོད་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས་སྤྱི་ཚོགས་ཀྱི་སྤྱི་དམངས་ཀྱིས་ནུས་རྒྱུ་གཙང་མར་མོས་སེམས་དང་དང་ལེན་བྱེད་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ་དེ་དགོས་ངེས་ཤིག་ཏུ་གྱུར་ཡོད།
         ད་ཐེངས་སྒོ་བྱང་བཀལ་བའི་ཀྲུང་གོའི་ཀོང་ཧོ་ཚོགས་པའི་ཉིང་གློག་རྟེན་གཞི་ཆེན་པོ་དྲུག་གིས་ད་ཡོད་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་ཚན་རིག་ཁྱབ་གདལ་སློབ་གསོའི་སྒྲིག་བཀོད་བེད་སྤྱོད་གང་ལེགས་བྱས་ནས་སྤྱི་དམངས་ཀྱི་མཉམ་འགུལ་འབྲེལ་གཏུག་ཐད་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་རྒྱུ་རེད། ཀྲུང་གོའི་ཀོང་ཧོ་ཚོགས་པས་སྤྱི་དམངས་ལ་འབྲེལ་གཏུག་དང་ནུས་རྒྱུའི་ཚན་རིག་ཁྱབ་གདལ་སློབ་གསོའི་ཁྲོད་རྒྱུན་ཆད་མེད་པར་སྟོབས་ཤུགས་དེ་བས་མང་བ་བཏང་ནས་ནུས་རྒྱུ་གཙང་མའི་རྒྱུན་ཤེས་བརྒྱུད་བསྒྲགས་ཤུགས་ཆེན་བྱས་པ་དང་སྤྱི་དམངས་ཀྱི་ཚན་རིག་ངོས་འཛིན་ཟབ་ཏུ་བཏང་སྟེ་ཕྱོགས་ཡོངས་དང་རིམ་པ་མང་བའི་སྤྱི་དམངས་འབྲེལ་གཏུག་དང་ཉིང་གློག་གི་ཚན་རྩལ་ཁྱབ་གདལ་མ་ལག་གཏོད་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།