འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ནོར་སྲིད་པུས་སྤྱི་ཕན་རང་བཞིན་གྱི་ལས་རིགས་སུ་གཞུང་ཁོངས་མ་རྩ་གཏོང་ཤུགས་ཆེ་རུ་
    གཏོང་རྒྱུར་སྐུལ་འདེད་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་21ཉིན། 11:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ནོར་སྲིད་པུས་《སྤྱི་ཕན་རང་བཞིན་གྱི་ལས་རིགས་སུ་གཞུང་ཁོངས་མ་རྩ་གཏོང་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》བཀྲམ་སྟེ་གཞུང་ཁོངས་མ་རྩས་ཐབས་ལམ་སྣ་མང་སྒོ་ནས་སྤྱི་ཕན་རང་བཞིན་གྱི་ལས་རིགས་ལ་མ་རྩ་གཏོང་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་དུས་མཚུངས། ས་གནས་སྲིད་གཞུང་གིས་གཞུང་ཁོངས་ཁེ་ལས་ཚུད་པའི་རིགས་ཁག་གི་བྱེད་པོར་མ་རྩ་བཏང་རྗེས་རྣམ་པ་གང་རུང་ནས་སྲིད་གཞུང་གི་ཚབ་བྱས་ཏེ་མ་དངུལ་བསྡུ་སྒྲིལ་བྱེད་པའི་རེ་བ་གང་ཡང་འདོན་མི་ཆོག་པ་དང་། མངོན་མེད་ཀྱི་བུ་ལོན་སྣ་ཚོགས་གསར་སྣོན་བྱ་མི་ཆོག་པ་མ་ཟད། ས་གནས་སྲིད་གཞུང་གིས་སྤྱི་ཕན་རང་བཞིན་གྱི་རྒྱུ་ནོར་དང་གྲབས་གསོག་ས་ཆ་སོགས་རིགས་ཁག་གི་བྱེད་པོ་གཞུང་ཁོངས་ཁེ་ལས་སུ་འཇུག་མི་ཆོག་པ་ཁ་གསལ་བཏོན་ཡོད།
         བསམ་འཆར་ནང་གཞུང་ཁོངས་མ་རྩའི་བཀོད་པ་དང་གྲུབ་ཆ་ལེགས་སྒྲིག་གི་ལམ་སྲོལ་འཛུགས་པ་དང་། གཞུང་ཁོངས་རྒྱུ་ནོར་ལྟ་འདོམས་སྒྲིག་གཞིས་སྲིད་གཞུང་གི་སྤྱི་ཁོག་སྲིད་ཇུས་དང་འབྲེལ་ཡོད་དོ་དམ་གྱི་བླང་བྱ་གཞིར་བཟུང་། གཞུང་ཁོངས་མ་རྩའི་ནང་འཇུག་ཕྱིར་འཐེན་གྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། གཞུང་ཁོངས་མ་རྩའི་མ་འཇོག་གི་བཀག་རྒྱའི་གསལ་ཐོ་བཟོ་བ། གཞུང་ཁོངས་མ་རྩ་རྒྱལ་ཁབ་ཀྱི་བདེ་འཇགས་དང་རྒྱལ་དམངས་དཔལ་འབྱོར་གྱི་སྲོག་རྩ་དང་། རྒྱལ་ཇུས་དམངས་འཚོ་དང་འབྲེལ་བ་ཡོད་པའི་ལས་རིགས་གལ་ཆེན་དང་འགག་རྩའི་ཁྱབ་ཁོངས་སུ་སྔར་ལས་མང་བ་ཕྱོགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།