འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཕུ་རག་གི་གནའ་གྲོང་ཐང་ཆེན་ནས་ཀྲུང་གོའི་རོལ་དབྱངས་ལྷང་ལྷང་དུ་གྲགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་11ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           སྟོན་དུས་ཀྱི་ཕྱི་དྲོ་ཞིག་ལ། ཅེ་ཁེའི་རྒྱལ་ས་ཕུ་རག་གི་ཡུལ་སྐོར་བས་ཁེངས་པའི་གནའ་གྲོང་ཐང་ཆེན་ནས་ཀྲུང་གོའི་སྲོལ་རྒྱུན་རོལ་དབྱངས་ལྷང་ལྷང་དུ་གྲགས་པར་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་མགྲོན་པོ་ཚོས་ཐལ་མོ་བརྡབས་ནས་དགའ་འབོད་ཡང་ཡང་བྱས།
          སྟོན་དུས་ཀྱི་ཉི་འོད་འོག་ཕུ་རག་ཐང་ཆེན་གྱི་ཟུར་ཞིག་ནས་སྙན་འཇེབས་ལྡན་པའི་བརྒྱངས་དཀྲོལ་རོལ་ཆའི་མཉམ་དཀྲོལ་རོལ་དབྱངས་གྲགས་འོང་། དེ་ནི་མི་རྣམས་ཀྱིས་དགའ་པོ་བྱེད་པའི་《མེ་ཏོག་མོའོ་ལི་》ཞེས་པའི་རོལ་དབྱངས་ཡིན། མི་མང་པོ་ཞིག་གིས་རོལ་དབྱངས་དེའི་སྒྲ་གྲགས་སའི་ཕྱོགས་སུ་བསྐྱོད་པ་དང་། རོལ་དབྱངས་དཀྲོལ་མཇུག་འགྲིལ་ནས་མི་ཡང་དེ་མུར་ཁ་ཐོར་བའི་དུས་སུ་ཐང་ཆེན་གྱི་ཟུར་གཞན་ཞིག་ནས་སྙན་འཇེབས་ལྡན་པའི་ཨོག་ལེན་གྱི་རྐྱང་དཀྲོལ་རོལ་དབྱངས་《ངའི་མེས་རྒྱལ་》ཞེས་པ་དཀྲོལ་འགོ་ཚུགས། མི་རིང་བ་ཞིག་ལ་མི་རིགས་ཀྱི་སྲོལ་རྒྱུན་གྱོན་ཆས་གྱོན་པའི་ཀྲུང་གོའི་བྱིས་པ་འགའ་ཞིག་གིས་ཀྲུང་གོའི་དམངས་ཁྲོད་ཀྱི་རོལ་དབྱངས་དང་བསྟུན་ནས་ཐང་ཆེན་གྱི་ས་ཆ་སྟོང་པར་ཞབས་བྲོ་འཁྲབ་འགོ་ཚུགས།
          དེ་ནི“རྒྱུད་གཅིག་ལམ་གཅིག དཔའ་ངར་ཆེར་སྐྱེད་ངང་མདུན་སྐྱོད”ཅེས་པའི་རྒྱལ་མཚམས་ལས་སྒྲོལ་བའི་རིག་གནས་སྤེལ་རེས་རླངས་འཁོར་རུ་ཁག་ཆེ་གྲས་ཀྱིས་ཕུ་རག་ཏུ་སྤེལ་བའི་རིག་གནས་སྤེལ་རེས་བྱེད་སྒོ་རབ་དང་རིམ་པའི་གྲས་ཤིག་རེད།
           རླངས་འཁོར་རུ་ཁག་གི་རུ་སྣེ་འཁྲིད་མཁན་ཚྭའོ་ཀོན་ནན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། མི་30དང་རླངས་འཁོར་11ལས་གྲུབ་པའི་ཚོགས་པས་ཡོ་རོབ་ཀྱི་ས་གནས་ཁག་གི་ཁྲོམ་གཞུང་དང་སྲང་ལམ་ཆེ་ཆུང་གང་སར་བསྐྱོད་དེ“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ཡིག་རིགས་དང་། པར་རིས། བརྙན་ཐུང་སོགས་རྣམ་པའི་བཅར་འདྲི་དང་སྨྱན་སྦྱོར་ལ་བརྟེན་ནས་ཁྱབ་སྤེལ་བྱེད་པ་དང་། ཀྲུང་གོའི་འཕེལ་རྒྱས་ངོ་སྤྲོད་བྱེད་པ། “དར་གོས་ལམ་བུའི”རྒྱུད་ཀྱི་རྒྱལ་ཁབ་ཀྱི་མི་དམངས་དང་ཀྲུང་གོའི་མི་དམངས་དབར་གྱི་ཕན་ཚུན་ཡིད་ཆེས་དང་མཛའ་གྲོགས་ཟབ་ཏུ་གཏོང་བ་བཅས་ཀྱི་ཐོག་ནས་ཕན་ཚུན་དབར་གྱི་དཔལ་འབྱོར་ཉོ་ཚོང་དང་རིག་གནས་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་རེད།
           “རྒྱུད་གཅིག་ལམ་གཅིག དཔའ་ངར་ཆེར་སྐྱེད་ངང་མདུན་སྐྱོད”ཅེས་པའི་རྒྱལ་མཚམས་ལས་སྒྲོལ་བའི་རིག་གནས་སྤེལ་རེས་བྱེད་སྒོ་དེ་ཀྲུང་གོ་རིག་གནས་དོ་དམ་མཐུན་ཚོགས་ཀྱིས་ཤིན་ཧྭ་དྲ་བ་སོགས་གཙོ་རྒྱུན་སྨྱན་སྦྱོར་དང་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་ཞིག་རེད། རླངས་འཁོར་རུ་ཁག་དང་བཅས་པ་ཅེ་ཁེར་མ་འབྱོར་གོང་ཧ་སག་སི་ཐན་དང་། ཨུ་རུ་སུ། ལ་ཐེ་ཝེ་ཡ། ལི་ཐུ་ཝན་ནི་ཡ། ཕོ་ལན་བཅས་ལ་འཚམས་འདྲི་བྱས་པ་དང་ད་དུང་འཇར་མན་དང་། སུའེ་ཙེར། དབྱི་ཐ་ལི་བཅས་སུ་ཡང་བསྐྱོད་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།