འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་ཟླ་12པ་ནས་བཟུང་ལས་ཤོར་འགན་བཅོལ་མ་དངུལ་གྱི་ཚད་གཞི་དེ་གླ་ཕོགས་
    ཀྱི་ཚད་གཞི་དམའ་ཤོས་ཀྱི་90%བར་མཐོ་རུ་གཏོང་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་11ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པར་མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་ནས་ཤེས་རྟོགས་བྱུང་བར། ལས་ཤོར་མི་སྣའི་གཞི་རྩའི་འཚོ་བའི་འགན་ལེན་ཆུ་ཚད་སྔར་བས་མཐོ་རུ་གཏོང་ཆེད། ཞིང་ཆེན་དེས་ཟླ་12ཚེས་1ཉིན་ནས་བཟུང་ལས་ཤོར་མི་སྣའི་ལས་ཤོར་འགན་བཅོལ་མ་དངུལ་གྱི་ཚད་གཞི་གླ་ཕོགས་ཀྱི་ཚད་གཞི་དམའ་ཤོས་ཀྱི་72%ནས་90%བར་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།
           མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་ལས་ཤོར་འགན་བཅོལ་ཁྲུའི་ཁྲུའུ་ཀྲང་གཞོན་པ་ཤེས་རབ་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན་། ཐེངས་འདིའི་ཚད་གཞི་མཐོ་རུ་བཏང་བ་བརྒྱུད་མཚོ་སྔོན་གྱི་ས་གནས་ཁག་གི་ལས་ཤོར་འགན་བཅོལ་མ་དངུལ་གྱི་ཚད་གཞི་ད་ལྟ་ལག་བསྟར་བྱེད་བཞིན་པའི་ཟླ་རེར་སྒོར་1070དང་། སྒོར་1080 སྒོར་1090བཅས་ནས་སྒོར་1350བར་གཅིག་གྱུར་ཐོག་མཐོ་རུ་བཏང་ནས་ཟླ་རེར་མི་རེའི་ཆ་སྙོམས་ཚད་གཞི་སྒོར་270འཕར་བ་དང་་འཕར་ཚད་25%ཟིན་ཡོད་པ་རེད།
          ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་ནི་རྒྱལ་ཡོངས་སུ་ལས་ཤོར་འགན་བཅོལ་མ་དངུལ་གྱི་ཚད་གཞི་དེའི་བར་མཐོ་རུ་བཏང་བའི་ཞིང་ཆེན་སྔ་ཤོས་ཀྱི་གྲས་ཤིག་ཡིན་པ་རེད། “འདི་ལོ་ཞིང་ཆེན་དེའི་ལས་ཤོར་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི་41.5ཟིན་ཡོད། ད་ཐེངས་ཚད་གཞི་མཐོ་རུ་བཏང་བ་དེས་ལས་ཤོར་མི་སྣའི་ལས་ཀ་ཤོར་རིང་གི་གཞི་རྩའི་འཚོ་བའི་ཆུ་ཚད་མཐོ་རུ་འགྲོ་བ་དང་ལས་ཤོར་མི་སྣར་འཕྲད་པའི་འཛད་སྤྱོད་ཀྱི་རིན་གོང་འཕར་བ་སོགས་ཀྱི་གནོན་ཤུགས་ཆུང་དུ་འགྲོ་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད”ཅེས་ཤེས་རབ་ཀྱིས་བཤད།
         མི་སྤྱི་པུའི་གཞི་གྲངས་ལས་མངོན་པར། 2016ལོར་རང་རྒྱལ་གྱི་ཟླ་རེར་མི་རེའི་ཆ་སྙོམས་ལས་ཤོར་འགན་བཅོལ་མ་དངུལ་སྒོར་1051ཡིན་པ་རེད། འདི་ལོའི་ཟླ་9པར་མི་སྤྱི་པུའུ་དང་ནོར་སྲིད་པུས་《ལས་ཤོར་འགན་བཅོལ་མ་དངུལ་གྱི་ཚད་གཞི་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》མཉམ་དུ་པར་འགྲེམས་བྱས་ནས་ས་གནས་ཁག་གིས་ལས་ཤོར་འགན་བཅོལ་མ་དངུལ་གྱི་ཚད་གཞི་གླ་ཕོགས་ཀྱི་ཚད་གཞི་དམའ་ཤོས་ཀྱི་90%བར་རིམ་བཞིན་མཐོ་རུ་གཏོང་རྒྱུའི་མཛུབ་ཁྲིད་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།