འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཆི་ལིའི་ཙུང་ཐུང་པཱ་ཆེ་ལེ་ཐེ་ཡིས"ང་རང་ཁུང་ཙི་སློབ་གླིང་དུ་རྒྱ་སྐད་སྦྱོང་བར་འགྲོ་འདོད་
    འདུག"ཅེས་གསུངས་པ། 

     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཏང་ཆི་དང་ཝང་ཧྥེས། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་11ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         “ཁྱེད་གང་ཉོའམ”
            “ང་རང་སེའུ་ཉོ་དགོས་ཡོད། རྒྱ་མ་གང་ལ་དངུལ་ག་ཚོད་རེད་དམ”
            “རྒྱ་མ་རེར་སྒོར་15རེད། རྒྱ་མ་ག་ཚོད་དགོས་སམ”
            གོང་གི་སྐད་ཆ་དུམ་བུ་དེ་ནི་ཆི་ལིའི་ཙུང་ཐུང་པཱ་ཆེ་ལེ་ཐེས་ཉིན་ཤས་གོང་ཁུང་ཙི་སློབ་གླིང་ལ་ཏིང་མེ་གླིང་ལྟེ་གནས་ནས་རྒྱ་སྐད་སློབ་ཚན་གསན་པའི་སྐབས་རྒྱ་སྐད་ཀྱི་བགྲོ་གླེང་དུམ་བུ་ཞིག་རེད། དབུ་སྐྲ་སེར་ལ་སྟོད་གོས་དམར་པོ་བཞེས་པའི་པཱ་ཆེ་ལེ་ཐེས་འཛུམ་དམུལ་དམུལ་ངང་ཆི་ལིའི་སློབ་གཉེར་བ་ཚོས་རྒྱ་སྐད་བདེ་པོ་རྒྱག་པར་དགའ་བའི་ཐལ་མོ་རྡེབ་གནང་བ་རེད།
            “དུས་སང་ཟླ་བ་གསུམ་པར་ཙུང་ཐུང་ལས་གནས་ནས་འབབ་རྒྱུ་ཡིན་པས། ང་རང་ཡང་ཁུང་ཙི་སློབ་གླིང་དུ་སློབ་ཚན་ཉན་པར་འགྲོ་རྒྱུའི་མིང་ཐོ་འགོད་འདོད་འདུག”ཅེས་པཱ་ཆེ་ལེ་ཐེས་ཆི་ལིའི་ཁུང་ཙི་སློབ་གླིང་ཨང་དང་པོ་སྟེ། ཧྲེན་ཐོའོ་མཱ་སི་སློབ་ཆེན་ཁུང་ཙི་སློབ་གླིང་བཙུགས་ནས་ལོ་10འཁོར་བའི་རྟེན་འབྲེལ་མཛད་སྒོའི་ཐོག་ནན་གྱིས་གསུངས་པ་རེད།
          “དུས་རབས་21པ་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་དུས་རབས་རེད། ཆི་ལིའི་ངོས་ནས་བརྗོད་ན། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཁུལ་དང་ལྷག་པར་དུ་ཀྲུང་གོའི་དབར་གྱི་འབྲེལ་བ་ནི་གལ་འགངས་ཤིན་ཏུ་ཆེན་པོ་ཡིན་པ་ང་ཚོས་ཧ་ཅང་གསལ་པོ་ཤེས་ཀྱི་འདུག ཀྲུང་གོའི་དཔལ་འབྱོར་འཕར་བ་དང་དེ་བཞིན་གོ་ལ་ཧྲིལ་པོའི་ཉོ་ཚོང་དང་མ་འཇོག་ཁྲོད་ཀྱི་ཀྲུང་གོའི་གནས་བབ་ལས་རྒྱ་སྐད་དེ་ད་ཆ་དང་མ་འོངས་པར་གལ་འགངས་ཧ་ཅང་ཆེ་བའི་སྐད་རིགས་ཤིག་ཆགས་རྒྱུ་རེད”ཅེས་གསུངས་པ་དང་པཱ་ཆེ་ལེ་ཐེའི་མིག་ཟུང་ལས་འོད་མདངས་འཚེར།
         ཀྲུང་གོ་ནི་ཆི་ལིའི་ཚོང་དོན་རོགས་ཟླའི་རྒྱལ་ཁབ་ཆེ་ཤོས་ཨང་དང་པོ་དང་། ཕྱིར་གཏོང་བྱ་ཡུལ་གྱི་རྒྱལ་ཁབ་ཆེ་ཤོས་ཨང་དང་པོ། ནང་འདྲེན་བྱེད་ཁུངས་ཀྱི་རྒྱལ་ཁབ་ཆེ་ཤོས་ཨང་དང་པོ་བཅས་རེད། ཆི་ལི་ནི་ཀྲུང་གོ་དང་ཕྱི་འབྲེལ་བཙུགས་པའི་ཨ་མེ་རི་ཁ་གླིང་ལྷོ་མའི་རྒྱལ་ཁབ་དང་པོ་དང་། ཀྲུང་གོ་དང་རང་མོས་ཚོང་དོན་གྱི་གྲོས་ཆོད་འཇོག་མཁན་གྱི་ལ་ཏིང་མེ་གླིང་གི་རྒྱལ་ཁབ་དང་པོ་ཡང་རེད།
         “ཆི་ལིའི་དམིགས་ཡུལ་ནི་ཨ་མེ་རི་ཁ་གླིང་ལྷོ་མ་དང་ཨེ་ཤེ་ཡ་སྦྲེལ་མཐུད་ཀྱི་སྟེགས་བུ་ཆགས་པ་དང་། ཁུང་ཙི་སློབ་གླིང་དེ་ཞི་བདེ་རྒྱ་མཚོ་སྒྲོལ་བའི་ཟམ་པ་ལྟ་བུར་གྱུར་ཏེ། ཆི་ལི་ཁ་ཕྱོགས་འདིར་དམིགས་ནས་མདུན་དུ་བསྐྱོད་རྒྱུར་རོགས་རམ་བྱ་རྒྱུ་དེ་ཡིན”ཞེས་པཱ་ཆེ་ལེ་ཐེས་གསུངས། ཁོང་གི་རྒྱབ་ངོས་ཀྱི་ལོ་ངོ་བཅུའི་རྟེན་འབྲེལ་གྱི་རྒྱབ་ལྗོངས་ངོས་སུ་ཕྱོགས་གཅིག་ནི་ཆི་ལིའི་འདས་ལོག་དུས་ཆེན་གླིང་ཕྲན་གྱི་རྡོ་གཟུགས་དང་། ཕྱོགས་གཞན་ཞིག་ནི་པེ་ཅིང་གི་ལྷ་ཐོ་ཡིན་པ་རེད།
         རྟེན་འབྲེལ་མཛད་སྒོར་ཞུགས་པའི་ཁུང་ཙི་སློབ་གླིང་གི་སྤྱི་ཁྱབ་ལས་འཛིན་གཞོན་པ། རྒྱལ་ཁབ་རྒྱ་ཡིག་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཅིང་ཝུའེ་ཡིས། མིག་སྔར་ཆི་ལིས་ཁུང་ཙི་སློབ་གླིང་གཉིས་བཙུགས་ཟིན་པ་དང་། ཁུང་ཙི་སློབ་གླིང་གི་སློབ་ཚན་དང་དེ་བཞིན་བྱེད་སྒོར་ཞུགས་མཁན་ཆི་ལིའི་དམངས་ཚོགས་ཁྲི་30ལས་བརྒལ་ཏེ། ཁུང་ཙི་སློབ་གླིང་དུ་རྒྱ་སྐད་སྦྱོང་མཁན་ཡང་ཁྲི་1.2ཟིན་པ་དང་ད་དུང་དགེ་སློབ་200ལྷག་ཁུང་ཙི་སློབ་གླིང་གི་རྣམ་གྲངས་བརྒྱུད་ཀྲུང་གོར་འཚམས་འདྲིར་བསྐྱོད་པ་རེད།
          ཆི་ལིའི་སློབ་གསོ་པུའི་ཕྱི་སྐད་ཁྱབ་གདལ་རྣམ་གྲངས་ནང་དུ་ཡང་རྒྱ་ཡིག་བཅུག་ཡོད། རྣམ་གྲངས་དེའི་འགན་འཁུར་བ་ཁཱ་ལིན་ནཱ·ཕི་ཉི་ཡཱས་ངོ་སྤྲོད་བྱས་པར་གཞིགས་ན། 2005ལོ་ཚུན་དུ་ཆི་ལིའི་གཞུང་བཙུགས་སློབ་གྲྭ་16ཏུ་རྒྱ་ཡིག་སློབ་ཚན་བཀོད་སྒྲིག་བྱས་ཡོད་པ་དང་ཆི་ལིའི་སློབ་ཕྲུག་ཁྲི་1ལྷག་གིས་གཞུང་བཙུགས་སློབ་གྲྭའི་སློབ་ཚན་ཐོག་ནས་ཚད་ལྡན་གྱི་རྒྱ་ཡིག་སློབ་ཚན་ཉན་གྱི་ཡོད། ཆི་ལིའི་སློབ་གསོ་པུས་སློབ་གྲྭ་ཚང་མར་རྒྱ་སྐད་དང་རྒྱ་ཡིག་སློབ་རྒྱུར་རྒྱབ་སྐྱོར་བྱེད་འདོད་ཡོད་པ་དང་འབྲེལ། རྒྱ་སྐད་ཀྱི་ཆུ་ཚད་ཡིག་རྒྱུགས་གཏོང་རྩིས་ཡོད་པ་རེད།
          ཀྲུང་གོ་དང་ཆི་ལི་རྒྱལ་ཁབ་གཉིས་པོའི་དབར་གྱི་རིག་གནས་སྤེལ་རེས་དང་དཔལ་འབྱོར་ཉོ་ཚོང་མཉམ་ལས་གཉིས་ཀར་ཕན་ཐོགས་ཤིང་། པཱ་ཆེ་ལེ་ཐེས། 2005ལོར་བཞག་པའི་ཆི་ལི་དང་ཀྲུང་གོའི་དབར་གྱི་རང་མོས་ཉོ་ཚོང་གྲོས་ཆོད་ལས་ཕྱོགས་གཉིས་པོའི་ཚོང་དོན་གྲངས་འབོར་མགྱོགས་པོ་འཕར་ནས་ན་ནིང་ཨ་སྒོར་དུང་ཕྱུར་312ལས་བརྒལ་ཡོད། འདི་ཟླའི་ཚེས་11ཉིན་ཀྲུང་གོ་དང་ཆི་ལིས་རང་མོས་ཉོ་ཚོང་གྲོས་ཆོད་ཀྱི་རིམ་སྤོར་གྲོས་ཆོད་སླར་ཡང་བཞག་པ་རེད།
          “ཀྲུང་གོའི‘ཟླ་བཅུ་གཅིག་པའི་ཚེས་བཅུ་གཅིག’གི་ཟོག་ཉོའི་དུས་ཚིགས་རིང་། ངས་དྲ་ཐོག་ནས་དུས་ཚིགས་གསར་པའི་ཆི་ལིའི་སེའུ་ཉོ་རྩིས་བྱས་པ་ཡིན། འོན་ཀྱང་སྐར་མ་གཅིག་ནང་སེའུ་ཚང་མ་ཧབ་ཐོབ་བརྒྱབ་ནས་ཉོས་ཚར་བ་དེ་ལས་ཆི་ལིའི་སེའུ་ལ་ཀྲུང་གོ་བས་ཧ་ཅང་དགའ་པོ་བྱེད་པ་མཐོང་ཐུབ”ཅེས་ཅིང་ཝུའེ་ཡིས་ཀྲུང་གོ་དང་ཆི་ལིའི་ཚོང་དོན་ལས་ཐོབ་པའི་མྱོང་བ་དངོས་གླེང་གནང་བ་རེད།
           “སྐད་གྲགས་ལྡན་པའི”ཆི་ལིའི་སེའུ་དམར་པོ་དེ་ཀྲུང་གོའི་ཁྲོམ་རའི་ཐོག་བྲིན་ཁ་རྒྱུག་པོ་བྱུང་བ་ནི་ཀྲུང་གོ་དང་ཆི་ལིའི་འབྲེལ་བ་ཉིན་བཞིན་དམ་ཟབ་ཏུ་འགྲོ་བའི་བསྡུས་རིས་ཆུང་ཆུང་ཞིག་རེད། ཆི་ལི་བ་དེ་བས་མང་བ་རྒྱ་ཡིག་སྦྱོང་འདོད་བྱེད་པ་ནི་ལོ་བཅུའི་རིང་ཧྲེན་ཐོའོ་མཱ་སི་སློབ་ཆེན་ཁུང་ཙི་སློབ་གླིང་གིས་ཆི་ལིའི་རྒྱལ་ཡོངས་སུ་སློབ་ཁྲིད་ས་ཚིགས་19བཙུགས་ཡོད། ཟླ་11པར་ཆི་ལིའི་སེའུ་སྨིན་པའི་དུས་ཚིགས་ཤར་བ་དང་། ད་ཆ་ཆི་ལིའི་ཆེས་བྱང་མ་ཡིན་པའི་ཨ་ལི་ཁ་ནས་ཆེས་ལྷོ་མ་ཡིན་པའི་ཧྥོང་ཐཱ་ཨ་ལེ་ནཱ་སི་བར་ནས“ཁྱེད་གང་ཉོའམ། ང་རང་སེའུ་ཉོ་དགོས་ཡོད”ཅེས་པའི་དཔེ་ཀློག་གི་སྒྲ་གང་ས་ནས་ཐོས་སྲིད།
    ཤིན་ཧྭ་གསར་འགྱུར་ཁང་སན་ཐེ་ཡ་ཀོ་ནས་འབྱོར་བའི་གློག་འཕྲིན་གཞིར་བཟུང་།
      

    ཕྱོགས་བསྡུས་གསར་འགྱུར།