འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་རི་འཛེག་རིགས་གཅིག་མཁས་ཅན་གྱིས"སྒྲིག་འགལ་རི་འཛེག"བྱ་མི་རུང་བའི་
    དྲན་སྐུལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་11ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཡུལ་སྐོར་བ་ཞིག་བོད་ཀྱི་ཁྱི་རྫི་རི་རྩེར་འཛེགས་ནས་འབྲེལ་གཏུག་མ་ཐུབ་པར་ཉིན་གསུམ་སོང་རྗེས་ཚེས་6ཉིན་རྐྱེན་ལམ་དུ་ཤོར་བར་གཏན་འཁེལ་བྱས་ཤིང་། འདི་ནི་ཟླ་གཅིག་གི་ནང་ཚུན་དུ་བོད་དུ་ཐོན་པའི་རང་དགར་རིར་འཛེགས་པའི་རྐྱེན་གྱིས་ལས་འཛོལ་གཉིས་པ་རེད། བོད་ཀྱི་རི་འཛེག་མཁས་ཅན་གྱིས་རིར་འཛེགས་ན་ཉེན་ཁ་ཡོད་པས། མྱུལ་དཔྱད་ལ་དགའ་པོ་ཡོད་མཁན་ཚོས་ཚེ་སྲོག་དང་བདེ་འཇགས་ཨང་དང་པོར་བཟུང་ནས་འབྲེལ་ཡོད་ཁྲིམས་སྲོལ་ལ་བརྩི་སྲུང་བྱེད་པ་ལས་སྐྱོན་ཨེ་ཡོད་བསམས་ནས“སྒྲིག་འགལ་རི་འཛེག”བྱ་མི་རུང་བའི་དྲན་སྐུལ་བྱས་པ་རེད།
          བོད་རང་སྐྱོང་ལྗོངས་རི་འཛེག་རུ་ཁག་གི་རུ་དཔོན་གཞོན་པ་བཀྲ་ཤིས་ཚེ་རིང་གིས། ཆོག་མཆན་མ་ཐོབ་པར་རིར་འཛེག་པ་ནི“སྒྲིག་འགལ་རི་འཛེག”ཡིན་པས། རྒྱ་ཆེའི་རི་འཛེག་ལ་དགའ་པོ་ཡོད་མཁན་ཚོས་གཅིག་ནས་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་ནན་པོ་ཞུས་ཏེ་རི་འཛེག་དོ་དམ་སྡེ་ཚན་ལ་རེ་ཞུ་བྱས་ནས་འབྲེལ་ཡོད་འགྲོ་ལུགས་གཉེར་དགོས་པ་ལས་རང་དགར་རི་འཛེག་མི་རུང་། འབྲེལ་ཡོད་འགྲོ་ལུགས་གཉེར་ན། རི་འཛེག་དོ་དམ་སྡེ་ཚན་གྱིས་རིར་འཛེག་མཁན་ལ་ཉེན་ཁ་འཕྲད་ཚེ་དུས་ཐོག་ཏུ་རོགས་སྐྱོབ་བྱེད་ཐུབ། གཉིས་ནས་རི་མཐོའི་ཆེད་ལས་སྣེ་ཤན་པ་དང་རོགས་ལས་མི་སྣའི་སྣེ་ཁྲིད་འོག་བདེ་འཇགས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་རི་འཛེག་བྱེད་སྒོ་སྤེལ་རྒྱུ། གསུམ་ནས་རི་འཛེག་སྒྲིག་ཆས་དང་འཕྲིན་གཏོང་སྒྲིག་ཆས་སོགས་གྲ་སྒྲིག་གང་ལེགས་བྱ་རྒྱུ། བཞི་ནས་རི་འཛེག་དུས་ཚིགས་ཡག་པོ་(བོད་ལྗོངས་ནང་ཁུལ་གྱི་རི་འཛེག་དུས་ཚིགས་ཡག་ཤོས་ནི་དཔྱིད་ཀ་དང་སྟོན་ཁ་གཉིས་ཡིན)འདེམས་པ་དང་ཆབས་ཅིག གནམ་གཤིས་དང་ལུས་ཤུགས་སོགས་ལ་གཞིགས་ནས་རི་འཛེག་འཆར་གཞི་ལེགས་སྒྲིག་བྱ་རྒྱུ་བཅས་ཀྱི་དྲན་སྐུལ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།