འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་བཞི་པའི་གྲངས་ཉུང་མི་རིགས་ཀྱི་གླུ་གར་འགྲེམས་འཁྲབ་པེ་ཅིང་དུ་མཇུག་འགྲིལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་11ཉིན། 09:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་4ཉིན“གླུ་གར་གྱི་ཀྲུང་གོ—སྐབས་བཞི་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་གླུ་གར་འགྲེམས་འཁྲབ”པེ་ཅིང་དུ་མཇུག་འགྲིལ་བ་རེད།
          གཙོ་གཉེར་ཕྱོགས་ཀྱིས་ད་ཐེངས་ཀྱི་འགྲེམས་འཁྲབ་བྱེད་སྒོས་རྒྱལ་ཡོངས་ཀྱི་ས་ཁུལ་མང་པོ་ཞིག་ནས་བདམས་པའི་ཞབས་བྲོ་དང་། མཉམ་གཞས། རོལ་ཆ། དངོས་མཚོན་ཟློས་གར། ཚ་ཕྱུ་མ་ངོམས་སྟོན། གཞས་མ་གཏམ། ཁེར་གཞས་སོགས་རིགས་ཀྱི་ལེ་ཚན་480ལྷག་ཙམ་ཁྲོད་ལེ་ཚན་78འགྲེམས་འཁྲབ་བྱ་རྒྱུར་དཔྱད་འདེམས་བྱས་ཡོད། འཁྲབ་སྟོན་ནང་ཞུགས་པའི་སྒྱུ་རྩལ་ལ་དགའ་པོ་བྱེད་མཁན་ཚོ་དང“མངོན་མིན་རིག་གནས་ཤུལ་བཞག”གི་རྒྱུན་འཛིན་པ་ཆིག་སྟོང་ཙམ་ཡོད་པ་དེ་དག་ནི་ཤིན་ཅང་དང་། ནང་སོག ཀོང་ཤིས། མཚོ་སྔོན། ཀན་སུའུ་སོགས་ཁག་སོ་སོ་ནས་ཡོང་བ་དང་ཡུ་གུར་རིགས་དང་། མེའོ་རིགས། པའེ་རིགས། དབྱིས་རིགས། སོག་རིགས་སོགས་གྲངས་ཉུང་མི་རིགས་མང་པོ་ཞིག་ལ་ཁྱབ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
          ཀྲུང་གོ་རིག་གནས་དོ་དམ་མཐུན་ཚོགས་འཁྲབ་སྟོན་སྒྱུ་རྩལ་ལས་དོན་ཨུ་ལྷན་གྱི་ཚོགས་གཙོ་གཞོན་པ་སྐབས་བཞི་པའི་གྲངས་ཉུང་མི་རིགས་ཀྱི་གླུ་གར་འགྲེམས་འཁྲབ་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་རེན་ཀྲུའུ་ཡུས་ཧྲེང་གིས་འགྲེམས་འཁྲབ་ནང་ཞུགས་པའི་ལེ་ཚན་ཚང་མར་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་དང་རང་རང་གི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་ཡོད། མཚོན་ཚུལ་མི་འདྲ་བའི་ཐོག་ནས་གྲངས་ཉུང་མི་རིགས་ཀྱི་རིག་གནས་ཁྲོད་ཀྱི་སྐྱེ་སྟོབས་ཆེན་པོ་ལྡན་པའི་སྒྱུ་རྩལ་གྱི་གཞི་རྒྱུ་དང་མངོན་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོང་གྲུབ་འབྲས་དེའི་ནང་མཉམ་བསྲེས་བྱས་པ་དང་ཟུར་ཚད་མི་འདྲ་བའི་ཐོག་ནས་སྲོལ་རྒྱུན་རིག་གནས་སྙིང་བཅུད་རྩ་ཆེན་ཡིན་ལུགས་མངོན་པར་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།