འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་སྤྱི་པའི་གསང་སྤྱོད་ཉིས་སྟོང་ཙམ་གསར་སྐྲུན་བསྐྱར་སྐྲུན་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་11ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། མ་འོངས་ལོ་གཉིས་རིང་། བོད་ཀྱིས་ཆེད་དོན་མ་དངུལ་བཏང་སྟེ་སྤྱི་པའི་གསང་སྤྱོད་1934གསར་སྐྲུན་དང་བསྐྱར་སྐྲུན་བྱ་རྒྱུ་ཡིན་པ་རེད།
         གཞུང་ལས་ཁང་དེའི་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། བོད་ཀྱི་གསང་སྤྱོད་གསར་བརྗེའི་འཛུགས་སྐྲུན་རྣམ་གྲངས་ལ་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་རྫོང་དང་། ཤང་(གྲོང་རྡལ) གྲོང་གསེབ་བཅས་ཀྱི་གསང་སྤྱོད་དང་། འགྲིམ་འགྲུལ་ལམ་རྒྱུད་ཀྱི་གསང་སྤྱོད། སྣུམ་སྣོན་ས་ཚིགས་ཀྱི་གསང་སྤྱོད། ཚོང་ལས་ཁུལ་གྱི་གསང་སྤྱོད་བཅས་རིགས་བཞིར་ཕྱེ་ཡོད་པ་རེད།
         བོད་ཀྱི་ས་བབ་མཐོ་བ་དང་། གསོ་རླུང་དཀོན་པ། ཆུ་འདྲེན་དཀའ་བ་སོགས་དམིགས་བསལ་གྱི་རང་བྱུང་ཁོར་ཡུག་ལས་སྤྱི་པའི་གསང་སྤྱོད་འཛུགས་སྐྲུན་ལ་ཆ་རྐྱེན་དེ་བས་མང་བ་བཏོན་ཡོད། དེར་བརྟེན་བོད་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་མི་སྣ་ཐེངས་མང་མངགས་ཏེ་ནང་སར་བརྟག་ཞིབ་དང་སྔོན་ཐོན་ལག་རྩལ་སློབ་སྦྱོང་བྱས་པ་མ་ཟད། ལྗོངས་ཕྱི་ནང་གི་རིགས་གཅིག་མཁས་ཅན་དང་རྒྱལ་ནང་གི་བཟོ་རྩལ་སྒྲིག་ཆས་བཟོ་གྲྭ་སྒྲིག་འཛུགས་བྱས་ཏེ“བོད་ཀྱི‘གསང་སྤྱོད་གསར་བརྗེའི’རྣམ་གྲངས་ཀྱི་བཟོ་རྩལ་ལག་རྩལ་གྱི་རིགས་པས་ཁུངས་སྐྱེལ་ཚོགས་འདུ”དང“བོད་ཀྱི‘གསང་སྤྱོད་གསར་བརྗེའི’རྣམ་གྲངས་ཀྱི་སྣོད་བཅུད་གསང་སྤྱོད་ཀྱི་ལག་རྩལ་བེད་སྤྱོད་བཞུགས་མོལ་ཚོགས་འདུ”སོགས་འཚོགས་ནས་བོད་དུ་གསང་སྤྱོད་ལག་རྩལ་དང་བཟོ་རྩལ་ནང་འདྲེན་བྱེད་པའི་ཆོག་འཐུས་རང་བཞིན་དང་བློས་འགེལ་ཆོག་མིན་ལ་རིགས་པས་ཁུངས་སྐྱེལ་དང་དབྱེ་ཞིབ་བྱས་ཏེ་གསང་སྤྱོད་གསར་བརྗེ་འཛུགས་སྐྲུན་གྱི་རྣམ་གྲངས་བདེ་བླག་ངང་ལག་ལེན་བསྟར་རྒྱུར་འགན་ལེན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།