འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།“གློག་ནུས་ཚབ་བྱེད་ཀྱིས་གྲོང་སྡེ་གཙང་མར་གྱུར”

    —— མཚོ་སྔོན་གཅན་ཚ་རྫོང་གིས་དྭངས་གཙང་དྲོད་ལེན་ལ་སྐུལ་འདེད་བཏང་བའི་སྐོར་གྱི་མཐོང་ཐོས། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་06ཉིན། 14:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། “གློག་ནུས་ཚབ་བྱེད་ཁྱབ་གདལ་བཏང་རྗེས་གྲོང་སྡེ་སྔར་བས་གཙང་སྦྲ་དོད་པ་དང་མཁའ་རླུང་ཡང་སྔར་བས་གཙང་དུ་གྱུར་སོང”ཞེས་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གཅན་ཚ་རྫོང་གདོང་སྣ་གྲོང་རྡལ་ཧྲང་ཀྲོང་གྲོང་ཚོའི་གྲོང་མི་ཀུའོ་ཧའེ་ལུང་གིས་བཤད།
          རྨ་ཆུའི་འགྲམ་དུ་ཆགས་པའི་གྲོང་སྡེ་དེར་སྐྱོད་ཚེ་གྲལ་སྟར་འགྲིག་པའི་ཁང་པ་གསར་པས་དགུན་དུས་ལ་བཀྲག་མདངས་དང་སྐྱེ་སྟོབས་ཤིག་བསྣན། གུ་ཡངས་ལ་གཙང་སྦྲ་དོད་པའི་རིག་གནས་ཐང་ཆེན་དུ་གྲོང་མི་ལ་ལས་ལུས་སྦྱོང་བྱེད་པ་དང་། ལ་ལས་ཉི་མ་བསྲོས་ནས་ཅི་འཕྲོས་མོལ་འཕྲོས་བྱས་ནས་བསྡད་འདུག
         ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་ཞིང་འབྲོག་ཁུལ་དུ་གློག་ནུས་ཚབ་བྱེད་རྣམ་གྲངས་ཁྱབ་གདལ་བཏང་ནས་ཚད་རྡུལ་ནུས་པའི་ཁྲོ་ཐབ་དང་། བར་སྣང་ནུས་པའི་ཚ་བུམ། གློག་དྲོད་ཚ་ཐབ་སོགས་དྭངས་གཙང་དྲོད་ལེན་བྱེད་ཐབས་སྣ་ཚོགས་འཚོལ་ཞིབ་བྱས་ཤིང་། འདི་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གཅན་ཚ་རྫོང་གདོང་སྣ་གྲོང་རྡལ་ཧྲང་ཀྲོང་གྲོང་ཚོའི་གྲོང་མི་ལུའོ་ཚུན་ཧྭས་རང་ཁྱིམ་གྱི་གློག་དྲོད་ཚ་ཐབ་སྟེང་འཚེམ་བཟོ་བྱེད་པའི་གནས་ཚུལ་ཡིན་པ།
         “གློག་ནུས་ཚབ་བྱེད་ཁྱབ་གདལ་བཏང་རྗེས་གྲོང་སྡེ་དེ་བས་གཙང་མ་དང་གྲལ་འགྲིག་པོར་གྱུར་བ་མ་ཟད། མཁའ་རླུང་ཡང་གཙང་མར་གྱུར་འདུག”ཅེས་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གཅན་ཚ་རྫོང་གདོང་སྣ་གྲོང་རྡལ་ཧྲང་ཀྲོང་གྲོང་ཚོའི་གྲོང་མི་ཀུའོ་ཧའེ་ལུང་གིས་བཤད།
         རྨ་ཆུའི་འགྲམ་དུ་ཆགས་པའི་གྲོང་སྡེ་དེར་སྐྱོད་སྐབས་གྲལ་འགྲིག་པོར་བརྒྱབ་པའི་ཁང་པ་གསར་པ་མིག་མདུན་དུ་མངོན་པ་ལས་དེ་གའི་དགུན་དུས་ཀྱི་ཁེར་རྐྱང་དང་ཁུ་སིམ་པོར་གནས་པའི་རྣམ་པར་བཀྲག་མདངས་དང་གསོན་ཤུགས་ཤིག་བསྣན། རྒྱ་ཆེ་ལ་གཙང་བའི་རིག་གནས་ཐང་ཆེན་ཐོག་གྲོང་མི་ལ་ལས་ལུས་སྦྱོང་བྱེད་པ་དང་ལ་ལས་མཉམ་དུ་བསྡད་ནས་ཉི་མ་བསྲོ་བ་དང་ཁ་བརྡ་གློད་བཞིན་འདུག
         ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་ཞིང་འབྲོག་ཁུལ་དུ་གློག་ནུས་ཚབ་བྱེད་རྣམ་གྲངས་ཁྱབ་གདལ་དང་ལག་བསྟར་ཧུར་ཐག་བྱས་ནས་ཚད་རྡུལ་ནུས་པའི་ཐབ་དང་། བར་སྣང་ནུས་པའི་ཚ་ཕུམ། གློག་དྲོད་ཚ་ཐབ་སོགས་དྭངས་གཙང་དྲོད་ལེན་བྱེད་ཐབས་སྣ་ཚོགས་འཚོལ་ཞིབ་བྱེད་བཞིན་ཡོད་པ་རེད།
         གཅན་ཚ་རྫོང་རྨ་ཆུའི་སྟོད་རྒྱུད་ནི་སྣོད་བཅུད་སྲུང་སྐྱོང་གི་གཙོ་གནད་ས་ཁོངས་ཤིག་རེད། 2015ལོ་ནས་བཟུང་ས་གནས་དེས་གྲོང་ཚོ་ཧྲིལ་པོར་སྐུལ་འདེད་གཏོང་རྒྱུ་གཙོ་བོར་བྱེད་པ་དང་ཁ་ཐོར་དུད་ཚང་སྒྱུར་བཀོད་བྱ་རྒྱུ་ཕལ་པར་བྱེད་པའི་རྩ་དོན་གཞིར་བཟུང་། དྭངས་གཙང་ཁོར་ཡུག་སྲུང་སྐྱོང་གི་གློག་དྲོད་ཚ་ཐབ་ཀྱི་རྣམ་གྲངས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ནང་བཅུག་ནས་གྲོང་མིར་སྒྲིག་སྦྱོར་འགྲོ་གྲོན་སྤྲོད་རོགས་བྱས་པར་རྒྱ་ཆེའི་ཞིང་འབྲོག་པའི་དགའ་བསུ་ཐོབ་ཡོད་པ་རེད།
         2016ལོར་ཧྲང་ཀྲོང་གྲོང་ཚོ་ཧྲིལ་པོས་གློག་དྲོད་ཚ་ཐབ་ཀྱི་རྣམ་གྲངས་འཛུགས་སྐྲུན་ལག་བསྟར་བྱས། གསར་འགོད་པས་བཅར་འདྲི་བྱེད་རིང་། “དྲོ་སྐྱིད་དང་དྭངས་གཙང”ནི་མི་སེར་མང་པོས་དྭངས་གཙང་དྲོད་ལེན་བེད་སྤྱོད་བྱས་རྗེས་ཀྱི་མྱོང་ཚོར་དངོས་ཤིག་ཡིན་པ་ཤེས་རྟོགས་བྱུང་།
         “དེ་སྔོན་ཁྱིམ་དུ་གྲོ་སོག་དང་རྡོ་སོལ་སྲེག་གི་ཡོད་པས་ཁོར་ཡུག་འཕྲོད་བསྟེན་ལ་གནོད་འཚེ་ཕོག་པ་མ་ཟད་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ཡང་ཐོན་སླ་པོ་ཡོད། ད་ཆ་གཙང་མར་གྱུར་འདུག”ཅེས་གྲོང་མི་ཞུའེ་ཧྥུའུ་ཡིའུ་ཁྱིམ་གྱི་གློག་དྲོད་ཚ་ཐབ་སྨི་ངོས་གྲུ་4.2ཙམ་ཡོད་ཅིང་། ཁོང་གིས་ཟླ་རེར་གློག་རིན་སྒོར་30ཙམ་ཟིན་གྱི་འདུག་པས་རྡོ་སོལ་སྲེག་པ་ལས་གོང་ཁེ་བ་འདུག་ཅེས་བཤད།
         རྒྱལ་ཁབ་གློག་དྲ་མཚོ་སྔོན་ཧོང་ཧྭ་གློག་ཤུགས་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཅིང་ཀྲའོ་ཧུའེ་ཡིས། གཅན་ཚ་རྫོང་གིས་མིག་སྔར། རིམ་རྩིས་ལྟར་ན། དུད་ཚང་3302ལ་གློག་དྲོད་ཚ་ཐབ་སྒྲིག་སྦྱོར་བྱས་པས་རྫོང་དེ་ཡོངས་ཀྱི་གྲོང་གསེབ་ཀྱི་གྲོང་མིའི་40%ཟིན་པའི་ཁྲོད་ཧྲང་ཀྲོང་གྲོང་ཚོ་དང་། ཞོལ་མ་ལ་གྲོང་ཚོ། གཟེག་ལམ་གྲོང་ཚོ་སོགས་གྲོང་ཚོ་11གིས་གྲོང་ཚོ་ཧྲིལ་པོའི་གློག་དྲོད་ཚ་ཐབ་ལ་སྐུལ་འདེད་གཏོང་བའི་རྣམ་གྲངས་ལེགས་སྒྲུབ་ཟིན་ཡོད་པ་རེད།
         འོན་ཀྱང་རྫོང་གྲོང་གི་གཅིག་སྡུད་ས་ཁོངས་ཁ་ཤས་སུ་གཅན་ཚ་རྫོང་གིས་གློག་དྲོད་ཚབ་བྱེད་ཀྱི་རྣམ་གྲངས་འཛུགས་སྐྲུན་ལའང་སྐུལ་འདེད་ཧུར་ཐག་བཏང་ཡོད། གཅན་ཚ་རྫོང་སྨན་རྩིས་ཁང་དུ་དེ་གོང་ཡུན་རིང་པོར་རྡོ་སོལ་གྱི་ཐབ་ལ་བརྟེན་ནས་དྲོད་ལེན་བྱེད་ཀྱི་ཡོད་པས་ལོ་ལྟར་རྡོ་སོལ་ཏུན་500ཙམ་བསྲེགས་ཀྱི་ཡོད་པ་དང་། ལོ་གཅིག་གི་རྡོ་སོལ་བསྲེགས་པའི་འགྲོ་གྲོན་ཐོག་མི་ཐབས་ལ་བརྟེན་པ་སོགས་ཀྱི་འགྲོ་གྲོན་སྣ་ཚོགས་བསྣན་ན་སྒོར་ཁྲི་40ཙམ་ཟིན་གྱི་ཡོད་པ་རེད།
         འདི་ལོའི་ཟླ་10པར་སྨན་ཁང་དེས་གློག་དྲོད་ཚབ་བྱེད་བེད་སྤྱོད་བཏང་ནས་བར་སྣང་གི་དྲོད་ལེན་ལག་རྩལ་སྤྱད་པས་ཟླ་ཕྱེད་ཀྱི་གློག་སྤྱོད་ཚད་ཆུ་ཚོད་རེར་ཆན་ཝ་ཁྲི་2.76ཟིན་པ་དང་གློག་རིན་སྒོར་ཁྲི་1.1ཙམ་ཟིན་ཡོད་པ་རེད།
         ཅིང་ཀྲའོ་ཧུའེ་ཡིས་གློག་ནུས་ལ་ནུས་ཆེ་དང་། ནུས་རྒྱུ་གྲོན་ཆུང་། དྭངས་གཙང་བཅས་ཀྱི་ཁྱད་ཆོས་ལྡན་པས་གཅན་ཚ་རྫོང་གིས་རྫོང་ཡོངས་ཀྱི་ཏུན་10མན་ཆད་ཀྱི་རྡོ་སོལ་ཐབ་ཆུང་གྲས་45སྒོ་བརྒྱབ་པ་དང་སྒྱུར་བཀོད་བྱས་པས་མིག་སྔར།27སྒྱུར་བཀོད་བྱས་ཟིན་པ་དང་སྔོན་དཔག་ལྟར་ན། 2018ལོའི་ལོ་མཇུག་ཏུ་སྒྱུར་བཀོད་དམིགས་ཚད་ཆ་ཚང་ལེགས་སྒྲུབ་ཟིན་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།