འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཆ་འཕྲིན་ལག་རྩལ་གྱིས་རང་རྒྱལ་གྱི་ས་ཁུལ་དབུལ་པོའི་སློབ་མ་ཁྲི་400ལྷག་ཙམ་ལ་དགེ་
    རྒན་མི་འདང་བའི་རྐྱེན་གྱིས་སློབ་ཚན་ཉུང་དྲགས་པའི་དཀའ་ངལ་སེལ་རོགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་06ཉིན། 14:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ལོ་ལྔ་ཡི་རིང་། རང་རྒྱལ་གྱི་སློབ་གསོ་ཆ་འཕྲིན་ཅན་དུ་འགྱུར་བར་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་སྟེ་དམིགས་ཚད་གཙོ་བོ་ཁྱོན་ཡོངས་ནས་ལྡབ་འཕར་བྱུང་ཞིང་། ཆ་འཕྲིན་ལག་རྩལ་གྱི་ཐབས་ལམ་ལ་བརྟེན་ནས་ཐག་རིང་ལུང་ཁུག་དབུལ་པོའི་སློབ་མ་ཁྲི་400ལྷག་ཙམ་ལ་སློབ་ཚན་ཉུང་དྲགས་པའི་དཀའ་ངལ་བསལ་ཡོད་པ་རེད།
         དེ་ནི་ཚེས་29ཉིན་གྲོལ་མ་ཐག་པའི་2017ལོའི་འབྱུང་འགྱུར་སློབ་གསོའི་ཚོགས་ཆེན་ཐོག་ནས་གསར་འགོད་པར་ཤེས་རྟོགས་བྱུང་བ་ཞིག་ཡིན། ཚོགས་འདུའི་ཐོག་སློབ་གསོ་པུའི་པུའུ་ཀྲང་གཞོན་པ་ཏུའུ་ཀྲན་ཡོན་གྱིས། ལོ་ལྔ་ཡི་རིང་། རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དུ་དྲ་སྦྲེལ་སྦྲེལ་ཚད་25%ནས་90%བར་མཐོ་རུ་སོང་བ་དང་། སྣ་མང་སྨྱན་སྦྱོར་ཁང་གི་བསྡུར་ཚད་སྔོན་མ་40%ཡང་མ་ཟིན་པ་ནས་83%བར་མང་དུ་སོང་ཡོད། དགེ་རྒན་དང་སློབ་མ་དྲ་རྒྱར་ཞུགས་ནས་སློབ་སྦྱོང་བྱེད་པའི་གྲངས་འབོར་ཁྲི་60ནས་ཁྲི་6300ལྷག་བར་འཕར་ཡོད། ད་ཆ་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་ཁྲི་1000དང་། སློབ་གྲྭ་འབྲིང་ཆུང་གི་སློབ་སྤྱི་ཁྲི་10ལྷག་ཙམ། ལས་རིགས་སློབ་གྲྭའི་དགེ་རྒན་ཁྲི་20ལྷག་ཙམ་བཅས་ལ་སློབ་གསོ་ཆ་འཕྲིན་ཅན་དུ་འགྱུར་བའི་གསོ་སྦྱོང་ཐོབ་ཡོད། ད་དུང་ཆ་འཕྲིན་ལག་རྩལ་ལ་བརྟེན་ནས་རང་རྒྱལ་གྱིས་ཐག་རིང་ལུང་ཁུག་ས་ཁུལ་དབུལ་པོའི་སློབ་མ་ཁྲི་400ལྷག་ཙམ་ལ་དགེ་རྒན་མི་འདང་བའི་རྐྱེན་གྱིས་སློབ་ཚན་ཉུང་དྲགས་པའི་དཀའ་ངལ་བསལ་ཡོད་ཅེས་ངོ་སྤྲོད་བྱས།
         ཆ་འཕྲིན་ལག་རྩལ་ལ་བརྟེན་ནས་སྤུས་ལེགས་ཀྱི་སློབ་གསོའི་ཐོན་ཁུངས་ཀྱི་ཁེབས་རྒྱ་ཆེ་རུ་དང་ས་ཁོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲངས་གཞིའི་ཧེ་བག་ཆུང་དུ་བཏང་ནས་སློབ་ཁྲིད་འདྲ་མཉམ་ཡོང་བར་སྐུལ་འདེད་དང་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་དགོས་པ་ནི། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་། ཚན་རིག རིག་གནས་བཅས་རྩ་འཛུགས་ཀྱི“2030ལོའི་སློབ་གསོའི་བྱ་སྤྱོད་སྒྲོམ་གཞི”དང་རང་རྒྱལ་གྱི་སློབ་གསོ་ཆ་འཕྲིན་ཅན་དུ་འགྱུར་བའི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་གཉིས་ཀས་ནན་བཤད་བྱེད་པའི་ནང་དོན་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།