འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།"ཀྲུང་ཧྭ་ཡི་གསུང་རབ་ཐོན་ཁུངས་མཛོད"ཀྱི་དུས་ཐེངས་བཞི་པའི་གྲུབ་འབྲས་ཡོངས་
    བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་06ཉིན། 14:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་4ཉིན། “ཀྲུང་ཧྭ་ཡི་གསུང་རབ་ཐོན་ཁུངས་མཛོད”ཀྱི་དུས་ཐེངས་བཞི་པའི་གྲུབ་འབྲས་པེ་ཅིང་དུ་ཡོངས་བསྒྲགས་བྱས་ཤིང་། དུས་ཐེངས་བཞི་པར་གནའ་རབས་དཔེ་དེབ་རིགས་བཞིའི་ཁྲོད་ཀྱི་རིགས་གསུམ་པ་གཙོ་བོར་བཟུང་ནས་ཀྲུང་ཧྭ་མི་རིགས་ཀྱི་སྔོན་བྱོན་མཁས་མཆོག་ཚོའི་མི་ཆོས་རིན་ཐང་གི་ཚད་གཞི་དང་། མཚན་ཉིད་རིག་པ་རྟོག་དཔྱོད་ཀྱི་འདུ་ཤེས། ཚན་རིག་འཚོལ་ཞིབ་ཀྱི་གྲུབ་འབྲས་བཅས་གཙོ་གནད་ཐོག་མཚོན་པར་བྱས་ཡོད།
         “ཀྲུང་ཧྭ་ཡི་གསུང་རབ་ཐོན་ཁུངས་མཛོད”ཀྱི་དུས་ཐེངས་བཞི་པའི་རྣམ་གྲངས་ཀྱི་ནང་དོན་གྱིས་《ཁྲུན་ཆིའུ་ཀྲན་གོའི་དུས་སྐབས་ཀྱི་མཁས་མཆོག་》གི་བརྗོད་དོན་གཙོ་བོ་གཅིག་འདོམས་སུ་བྱས་པ་དང་། ལེའུ་56དང་སྐར་མ་2000ཙམ་ཡོད་པའི་བརྙན་ལམ་ཐོན་ཁུངས་ཐོག་ནས《ཀོན་ཙི་》དང་། 《ཞུན་ཙི་》 《ཧན་ཧྥེ་ཙི་》 《སུན་ཙིའི་དམག་ཇུས་》 《གོང་མའི་གསུང་རབ་》སོགས་ཁྲུན་ཆིའུ་ཀྲན་གོའི་དུས་སྐབས་ཀྱི་མཁས་མཆོག་ཚོའི་བསྟན་བཅོས་གཙོ་གནད་ཐོག་ངོ་སྤྲོད་བྱས་ཡོད། དེས་སྐད་གཉིས་ཀྱི་ཐོག་ནས་སོག་རིགས་དང་། བོད་རིགས། ཡུ་གུར་རིགས་བཅས་མི་རིགས་ཀྱི་རིག་གནས་ཁྱད་ཆོས་ལྡན་པའི་གསུང་རབ་3མཚོན་ཐབས་བྱས་པ་དང་དུས་མཚུངས། ཆེད་མངགས་སྲོལ་རྒྱུན་གྱི་གྱེར་འདོན་དང་ཡིག་གཟུགས་ཁག་གཉིས་བཟོས་ཡོད་པ་རེད།
         “ཀྲུང་ཧྭ་ཡི་གསུང་རབ་ཐོན་ཁུངས་མཛོད”ནི་སློབ་གསོ་པུའུ་དང་རྒྱལ་ཁབ་སྐད་ཡིག་ལས་དོན་ཨུ་ལྷན་གྱིས་2013ལོར་བཟོ་འགོ་ཚུགས་པ་ཞིག་ཡིན། རྣམ་གྲངས་དེས་ཁག་ཕྱེ་ནས་ཀྲུང་ཧྭ་ཡི་ཕུལ་བྱུང་རིག་གནས་ཀྱི་སྙིང་བཅུད་མཚོན་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་མཚོན་པའི་གསུང་རབ་བདམས་པ་དང་། དེང་སྐབས་ཀྱི་གྲགས་ཅན་མི་སྣ་གདན་ཞུ་བྱས་ཏེ་གྱེར་འདོན་དང་། འཆད་འགྲེལ། འབྲི་བ་བཅས་ཀྱི་བྱ་ཐབས་ཐོག་ནས་མཚོན་པ་དང་འབྲེལ་མཛོད་བཟོས་ཡོད། རྣམ་གྲངས་ཀྱི་དུས་ཐེངས་དང་པོའི་གྲུབ་འབྲས་2014ལོའི་ལོ་མཇུག་ཏུ་ཡོངས་བསྒྲཌ་བྱས་པ་དང་དུས་ཐེངས་གཉིས་པ་དང་གསུམ་པའི་གྲུབ་འབྲས་2016ལོར་ཡོངས་བསྒྲཌ་བྱས་པ་རེད།
        རྣམ་གྲངས་ཀྱི་སྤྱི་ཚོགས་སྤྱི་ཕན་ཆེ་ཤོས་མངོན་པར་བྱ་ཆེད། ལེགས་གྲུབ་ཟིན་པའི་ཐོན་ཁུངས་མཛོད་ཀྱི་ནང་དོན་མི་དམངས་སློབ་གསོ་དཔེ་སྐྲུན་ཁང་གིས་དངོས་སུ་པར་སྐྲུན་བྱས་པ་དང་འབྲེལ་རིན་མི་དགོས་པར་གཞི་རིམ་སྐད་ཡིག་ལས་དོན་ཁོངས་གཏོགས་དང་སློབ་གྲྭར་སྤྲད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།