འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་དངུལ་ཁང་གིས་ཟླ་12ཚེས་13ཉིན་ངོས་ཐང་སྒོར་ལྔ་རི་བའི་དྲན་གསོའི་སྲ་དངུལ་
    སྒོར་དུང་ཕྱུར་2.5འགྲེམས་སྤེལ་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་17ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    དྲན་གསོའི་སྲ་དངུལ་གྱི་མདུན་ངོས།
    དྲན་གསོའི་སྲ་དངུལ་གྱི་མདུན་ངོས།
          མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་མི་དམངས་དངུལ་ཁང་གི་གཞུང་ཕྱོགས་དྲ་ཚིགས་ཀྱི་བརྡ་འཕྲིན་དུ། ཀྲུང་གོ་མི་དམངས་དངུལ་ཁང་གིས་2017ལོའི་ཟླ་12ཚེས་13ཉིན་ཡིག་རིས"ཞི་མཐུན"སྟེ་རྒྱ་ཡིག་གི་གཟབ་ཡིག་བརྐོས་པའི་དྲན་གསོའི་སྲ་དངུལ་སྒོར་དཀྱུས་མ་ཞིག་འགྲེམས་སྤེལ་བྱ་རྒྱུ་ཡིན་ཞིང་། དངུལ་ཐང་ནི་སྒོར་ལྔ་ཡིན་པ་རེད།
         ཤེས་རྟོགས་བྱུང་གསལ་དུ། ཡིག་རིས"ཞི་མཐུན"ཏེ་གཟབ་ཡིག་བརྐོས་པའི་དྲན་གསོའི་སྲ་དངུལ་གྱི་མདུན་ངོས་དཔེ་རིས་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་རྟགས་ཡིན་ལ། ནང་ཟུར་གྱི་སྟོད་དུ"ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ"ཅེས་པའི་རྒྱལ་མིང་ཡོད་པ་དང་། གཤམ་དུ་ནི"སྒོར་ལྔ"ཞེས་པ་དང་ལོ་རྟགས"2017"ཞེས་འཁོད་ཡོད་པ་རེད། རྒྱབ་ངོས་ཀྱི་དཔེ་རིས་ནི"ཞི་མཐུན"གྱི་གཟབ་ཡིག་བརྐོས་ཡོད་ལ། ཟུར་རྒྱན་དུ་ཡིག་གཟུགས་དཀར་འཕུར་མ་ཡིན་པ་དང་། ནང་ཟུར་གྱི་སྟོད་དུ"ཞི་མཐུན"གྱི་ཡིག་གཟུགས་འབྲི་ཚུལ་ལྔ་ཡིན་པ་རེད། དངུལ་ཐང་ནི་སྒོར་ལྔ་ཡིན་ལ། ཚངས་ཐིག་ལ་ཧའོ་སྨི་30ཡོད་པ། རྒྱུ་ཆ་ནི་རག་ལྕགས་འདྲེས་མ་ཡིན། འགྲེམས་སྤེལ་བྱེད་གྲངས་ནི་དུང་ཕྱུར་2.5ཡིན་པ་རེད།
          ཡོངས་བསྒྲགས་ཀྱི་གནས་འཕྲིན་ལྟར་ན། ཀྲུང་དབྱང་དངུལ་ཁང་གིས་དེ་སྔོན་2009ལོ་དང་། 2010ལོ། 2013ལོ། 2014ལོ་བཅས་ལ་རིམ་པ་བཞིན་དུ"ཞི་མཐུན"ཡིག་ཅན་གྱི་སྲ་དངུལ་ཁག་བཞི་འགྲེམས་སྤེལ་བྱས་ཡོད་པ་རེད།
    དྲན་གསོའི་སྲ་དངུལ་གྱི་རྒྱབ་ངོས།
    དྲན་གསོའི་སྲ་དངུལ་གྱི་རྒྱབ་ངོས།
      

    ཕྱོགས་བསྡུས་གསར་འགྱུར།