འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིང་ནང་དང་མུ་ཁར་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་17ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཞིང་ནང་དང་མུ་ཁར་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་14ཉིན། ཧྲན་ཏུང་ཞིང་ཆེན་ཏུང་དབྱིང་གྲོང་ཁྱེར་ཏུང་དབྱིང་ཆུས་ཧོང་ཧོ་ལམ་ཁྲོམ་གཞུང་གི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་ཡན་ལག་རུ་ཁག་གིས་ཅིང་ཝུའུ་གྲོང་ཚོའི་སྣོད་བཅུད་བཟང་བའི་ཤིང་འབྲས་དང་སྔོ་ཚལ་འདེབས་འཛུགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་སྔོ་ཚལ་དྲོད་ཁང་ཆེ་མོའི་ནང་ལས་དོན་པར་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་བཞིན་ཡོད། ཏུང་དབྱིང་ཆུས་ཀྱིས་སྒྲོག་འགྲེལ་རུ་ཁག་སྒྲིག་འཛུགས་བྱས་ནས་ཞིང་ནང་དང་མུ་ཁ ཞིང་དུད་ཀྱི་སྒོ་ར་ཆེན་པོ། གྲོང་ཚོ་གྲོང་ལྷན་སྡེ་ཁུལ་བཅས་སུ་བསྐྱོད་དེ་ཕྱོགས་མང་པོ་དང་བྱ་ཐབས་མང་པོའི་སྒོ་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དྲིལ་བསྒྲགས་བྱས་པ་དང་། མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་རྣམ་པ་བརྒྱུད་མི་སེར་ཚོས་གོ་བདེ་བའི་སྐད་ཆའི་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གསོན་ཉམས་དོད་པོའི་ངང་རྒྱ་ཆེའི་མང་ཚོགས་ཚོར་བརྒྱུད་བསྒྲགས་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།