འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་དང་པོ་ནས་བཅུ་པའི་བར་རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་བྱེད་ཚད་
    15.9%འཕར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་17ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་8ཉིན། འགག་སྒོ་ལས་ཁུངས་ཀྱིས་བསྡོམས་རྩིས་བྱས་པར་གཞིགས་ན། འདི་ལོའི་ཟླ་དང་པོ་ནས་བཅུ་པའི་བར་རང་རྒྱལ་གྱི་དངོས་ཟོག་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་ཐང་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་22.52ཟིན་པ་དེ་ན་ནིང་གི་དུས་མཚུངས་དང་བསྡུར་ན་15.9%འཕར་བ་དེའི་ནང་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་ཁྲི་12.41ཟིན་པར་11.7%འཕར་བ་དང་། ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་10.11ཟིན་པར་21.5%འཕར་བ། ཉོ་ཚོང་ཧེ་བག་སྒོར་དུང་ཕྱུར་ཁྲི་2.3ཤོར་བར་ཧེ་བག་17.8%ཆུང་དུ་ཕྱིན་པ་བཅས་རེད།
         ཟླ་བཅུ་པར་རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར་ཁྲི་2.24ཟིན་ནས་10.2%འཕར་བའི་ནང་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་ཁྲི་1.25ཟིན་ནས་6.1 %འཕར་བ་དང་། ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་9940ཟིན་ནས་15.9%འཕར་བ། ཉོ་ཚོང་ཧེ་བག་སྒོར་དུང་ཕྱུར་2544.7ཤོར་བར་ཧེ་བག་20.3%ཆུང་དུ་ཕྱིན་པ་བཅས་རེད།
         འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་གསར་འགྱུར་མགྲིན་ཚབ་པས། འདི་ལོ་ནས་བཟུང་གོ་ལ་ཧྲིལ་པོའི་དཔལ་འབྱོར་དལ་པོའི་ངང་སླར་གསོ་བྱུང་བ་དང་། རྒྱལ་ནང་གི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་བྱུང་བ། རྒྱལ་སྤྱིའི་ཁྲོམ་རའི་དགོས་མཁོ་སྤྱིའི་ཆ་ནས་ཡག་ཏུ་སོང་བ། ཕྱི་ཕྱོགས་ཉོ་ཚོང་ཐད་བརྟན་པོའི་ཁྲོད་ཡག་ཏུ་འགྲོ་བའི་འཕེལ་ཕྱོགས་རྒྱུན་མཐུད་ངང་མངོན་པ་བཅས་བྱུང་ཡོད་ཅེས་བཤད་པ་རེད།
         འགག་སྒོ་ལས་ཁུངས་ཀྱིས་བསྡོམས་རྩིས་བརྒྱབ་པ་ལས་མངོན་པར། ཟླ་དང་པོ་ནས་བཅུ་པའི་བར་རང་རྒྱལ་གྱི་སྤྱིར་བཏང་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་འཕར་ནས་བསྡུར་ཚད་མཐོ་རུ་ཕྱིན་པ་དང་། ཡོ་རོབ་དང་། ཨ་རི། རི་པིན། ཨེ་ཤེ་ཡའི་ཤར་ལྷོའི་མནའ་འབྲེལ་སོགས་ཀྱི་ཁྲོམ་རའི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ཚང་མ་མྱུར་ཙམ་འཕར་བ་དང་། དམངས་གཉེར་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་བསྡུར་ཚད་མཐོ་རུ་སོང་ཡོད། འཕྲུལ་གློག་ཐོན་རྫས་དང་སྲོལ་རྒྱུན་གྱི་ངལ་རྩོལ་གཅིག་སྡུད་རྣམ་པའི་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གཙོ་བོ་ཡིན་པའི་ནང་སྤྱིར་བཏང་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་12.73ཟིན་ནས་18%འཕར་བ་དེས་རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་ཐང་གི་56.5%བཟུང་ནས་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་1འཕར་ཡོད། འཕྲུལ་གློག་ཐོན་རྫས་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་ཁྲི་7.16ཟིན་ནས་12.4%འཕར་བ་དེས་ཕྱིར་གཏོང་གི་སྤྱིའི་རིན་ཐང་གི་57.7%བཟུང་ཡོད། གྱོན་ཆས་དང་། འཁེལ་འཐག་ཐོན་རྫས། ལྷམ་རིགས། ཁྱིམ་ཆས། སྤོས་འགྱིག་གི་བཟོས་དངོས། སྒམ་རིགས། རྩེད་ཆས་སོགས་རིགས་ཆེ་གྲས་བདུན་གྱི་ངལ་རྩོལ་གཅིག་སྡུད་རྣམ་པའི་ཐོན་རྫས་ཁྱོན་བསྡོམས་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་ཁྲི་2.55ཟིན་ནས་8.6%འཕར་བ་དེས་ཕྱིར་གཏོང་སྤྱིའི་རིན་ཐང་གི་20.5%བཟུང་བ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།