འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།《རབས་གསར་པའི་མི་ཐབས་ལ་བརྟེན་པའི་རིག་ནུས་ཀྱི་འཕེལ་རྒྱས་འཆར་འགོད་》ལག་
    བསྟར་བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་17ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་15ཉིན། 《རབས་གསར་པའི་མི་ཐབས་ལ་བརྟེན་པའི་རིག་ནུས་ཀྱི་འཕེལ་རྒྱས་འཆར་འགོད་》དང་ཚན་རྩལ་རྣམ་གྲངས་གལ་ཆེན་ཚེས་15ཉིན་པེ་ཅིང་དུ་འགོ་ཚུགས་པ་རེད།
         མི་ཐབས་ལ་བརྟེན་པའི་རིག་ནུས་ནི་འབྱུང་འགྱུར་ལ་ཁྲིད་སྟོན་བྱེད་པའི་འཐབ་ཇུས་རང་བཞིན་གྱི་ལག་རྩལ་ཞིག་རེད། འདི་ལོའི་ཟླ་7པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《རབས་གསར་པའི་མི་ཐབས་ལ་བརྟེན་པའི་རིག་ནུས་ཀྱི་འཕེལ་རྒྱས་འཆར་འགོད་》(གཤམ་དུ་《འཆར་འགོད་》ཅེས་བསྡུ་རྒྱུ)ཡོངས་བསྒྲགས་བྱས་པ་དེ་ནི་རྒྱལ་ཁབ་རིམ་ངོས་ཀྱི་མི་ཐབས་ལ་བརྟེན་པའི་རིག་ནུས་ཀྱི་འཕེལ་རྒྱས་འཆར་འགོད་ཐོག་མ་དེ་རེད། 《འཆར་འགོད་》ནང་རང་རྒྱལ་གྱི་རབས་གསར་པའི་མི་ཐབས་ལ་བརྟེན་པའི་རིག་ནུས་ཀྱི“གོམ་སྟབས་གསུམ་ལ་བརྟེན་ནས་སྐྱོད་པའི”འཐབ་ཇུས་དམིགས་ཚད་གཏན་འཁེལ་བྱས་ཏེ་2030ལོར་སླེབས་སྐབས་མི་ཐབས་ལ་བརྟེན་པའི་རིག་ནུས་ཀྱི་རིགས་པའི་གཞུང་ལུགས་དང་ལག་རྩལ་དང་བེད་སྤྱོད་སྤྱིའི་ཆ་ནས་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་པར་བྱས་ནས་འཛམ་གླིང་ཐོག་གི་མི་ཐབས་ལ་བརྟེན་པའི་རིག་ནུས་ཀྱི་གསར་གཏོད་ལྟེ་གནས་གཙོ་བོར་གྱུར་ཏེ་རིག་ནུས་དཔལ་འབྱོར་དང་རིག་ནུས་སྤྱི་ཚོགས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་གསར་གཏོད་རྣམ་པའི་རྒྱལ་ཁབ་ཀྱི་མདུན་གྲལ་དང་དཔལ་འབྱོར་སྟོབས་ཆེའི་རྒྱལ་ཁབ་ནང་ཚུད་རྒྱུར་རྨང་གཞི་གལ་ཆེན་འདིང་རྒྱུ་རེད།
        ཚན་རྩལ་པུའི་པུའུ་ཀྲང་དབན་ཀང་གིས་མི་ཐབས་ལ་བརྟེན་པའི་རིག་ནུས་འཕེལ་རྒྱས་གཏོང་རྒྱུ་དེ་མིག་སྔ་དང་ཐ་ན་འབྱུང་འགྱུར་གྱི་འཐབ་ཇུས་རང་བཞིན་གྱི་ལས་འགན་ལ་བརྩིས་ནས་དམ་འཛིན་བྱས་ཏེ་མཐོ་རིམ་ཤེས་ལྡན་མི་སྣ་དང་། དངུལ་རྩའི་མ་རྩ། ནོར་སྲིད་མ་དངུལ། སྲིད་ཇུས་ཁྲིམས་སྲོལ་སོགས་ཐོན་ཁུངས་སྣ་ཚོགས་གཅིག་ཏུ་བསྡུས་ཏེ་མི་ཐབས་ལ་བརྟེན་པའི་རིག་ནུས་ཀྱི་ལག་རྩལ་ཚད་བརྒལ་དང་། ཐོན་ལས་འཕེལ་རྒྱས། དེ་བཞིན་དཔལ་འབྱོར་དང་སྤྱི་ཚོགས་ཀྱིས་བེད་སྤྱོད་གཏིང་ཟབ་ཐུབ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། མི་ཐབས་ལ་བརྟེན་པའི་རིག་ནུས་འཕེལ་རྒྱས་ཀྱི་གོ་སྐབས་སྐར་ཁུང་ཁོང་དུ་ཡག་པོ་ཆུད་པར་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་བསྐྲུན་རྒྱུར་འདེགས་སྐྱོར་གལ་ཆེན་མཁོ་འདོན་བྱེད་པ་དང་འཛམ་གླིང་གི་མི་ཐབས་ལ་བརྟེན་པའི་རིག་ནུས་འཕེལ་རྒྱས་འགྲོ་རྒྱུར་ཀྲུང་གོའི་ལེགས་སྐྱེས་འབུལ་དགོས་ལུགས་བཏོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།