འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཤིན་ཅང་གིས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཐེན་ཧྲན་རི་བོའི་ལྷོ་བྱང་གང་སར་
    ཁྱབ་པ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་17ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་14ཉིན། ཤིན་ཅང་གི་པཱ་དབྱིན་ཀོ་ལེང་ནང་སོག་རང་སྐྱོང་ཀྲོའུ་རུའོ་ཆང་རྫོང་གི་རྫོང་ཨུད་ཀྱི་ཧྲུའུ་ཅི་གྲོང་ཚོར་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པར་ཡོང་བ་གོ་ཐོས་བྱུང་རྗེས། ཝུའུ་ཐ་མུའུ་ཤང་ཤིས་ཐ་ཐེ་རང་གྲོང་ཚོའི་ལས་བྱེད་པ་དང་མང་ཚོགས་ཚོས་ཨུ་ཡོན་ལྷན་ཁང་དུ་འཛོམས་ནས་སྒྲོག་འགྲེལ་ཉན་རྒྱུ་སྒུག་བསྡད་ཡོད་པ་རེད།
         “འདི་ལོ་ཡོང་འབབ་གང་འདྲ་འདུག ཁྱིམ་གྱི་ཆི་བི་ཁ་ཚང་མ་བྲིན་སོང་ངམ། ད་ལྟ་ཤིན་ཅང་ཡོངས་སུ་འདེབས་འཛུགས་བྱེད་པའི་ཆི་བི་ཁ་གཞི་རྒྱ་ཆེན་པོ་ཡོད་པས་ང་ཚོས་ཆི་བི་ཁའི་སྤུས་ཚད་མཐོ་རུ་གཏོང་དགོས”ཞེས་ཚོགས་འདུ་ཁང་དུ་སླེབས་རྗེས་རྫོང་ཨུད་ཀྱི་ཧྲུའུ་ཅི་སུང་ཞུའེ་པིན་གྱིས་ཚང་མར་འཚམས་འདྲི་བྱས་པ་དང་འབྲེལ་ཡུལ་མི་ཚོ་དང་ཅི་འཕྲོས་མོལ་འཕྲོས་ཀྱང་བཤད། “ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་འགྱུར་ལྡོག་གྲངས་ལས་འདས་པ་བྱུང་སོང་། སྨན་བཅོས་བྱས་ན་སྨན་རིན་རྩིས་ཞུ་བྱ་རྒྱུ་ཡོད་པ་དང་རྒས་འཁོགས་ཆགས་རྗེས་འཚོ་རྟེན་ཡོད་......”ཅེས་སུང་ཞུའེ་པིན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་མ་ཟད། ཚང་མ་དང་མཉམ་དུ་དམངས་ཕན་སྲིད་ཇུས་ཁག་རེ་རེ་བཞིན་བརྗོད་སྐབས་དེར་ཡོད་པའི་ལས་བྱེད་པ་དང་མང་ཚོགས་ཀྱི་བཞིན་ནས་ཏང་གི་བཀའ་དྲིན་ཆེན་པོ་ཚོར་བའི་འཛུམ་མདངས་འཕྱུར།
         ཚོགས་ཆེན་བཅུ་དགུ་པ་གྲོལ་རྗེས་ཤིན་ཅང་གི་ས་གནས་ཁག་གིས་ལྟ་འདོད་ཅིང་ཉན་སྤྲོ་བའི་རྣམ་པ་སྣ་ཚོགས་སྤྱད་པའི་ཁར་གཞི་རིམ་དང་གྲོང་གསེབ་ཏུ་བསྐྱོད་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཐེན་ཧྲན་རི་བོའི་ལྷོ་བྱང་གང་སར་སྒྲོག་འགྲེལ་ཤུགས་ཆེན་བྱས་ཤིང་། མིག་སྔར་ཤིན་ཅང་གིས་འགོ་ཁྲིད་ལས་བྱེད་པ་དང་། རིགས་གཅིག་མཁས་ཅན། རིག་གནས་པ་བཅས་14ལས་གྲུབ་པའི་རང་སྐྱོང་ལྗོངས་ཀྱི་སྒྲོག་འགྲེལ་ཚོགས་པ་དང་། ས་ཁུལ་དང་ཀྲོའུ་རིམ་པའི་མི་སྟོང་གི་སྒྲོག་འགྲེལ་ཚོགས་པ། རྫོང་དང་གྲོང་ཁྱེར་རིམ་པའི་མི་ཁྲི་ཡི་སྒྲོག་འགྲེལ་ཚོགས་པ། དེ་བཞིན་མང་ཚོགས་ཁྲི་1.6ལས་གྲུབ་པའི“མང་ཚོགས་ཀྱི་སྒྲོལ་འགྲེལ་ཚོགས་པ”བཅས་བཙུགས་ཡོད།
         ཟླ་11ཚེས་7ཉིན་ཐར་ཁྲེང་ས་ཁུལ་ཨོ་མེ་རྫོང་ཨོ་མེ་གྲོང་རྡལ་རིག་གནས་ལམ་སྡེ་ཁུལ་དུ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དག་སྒྲོག་འགྲེལ་པའི་རང་རྩོམ་རང་འཁྲབ་ཀྱི་སྨྱུག་རོལ་མགྱོགས་གཏམ་གྱི་ཚིག་ལ་བཅུག་ནས་བཤད་པས། སྡེ་ཁུལ་གྱི་གྲོང་མི་ཝང་ལན་གྱིས“སྒྲོག་འགྲེལ་བྱེད་སྟངས་དེ་རིགས་དངོས་འབྲེལ་ཡག་པོ་འདུག ང་ཚོས་ཚང་མ་གོ་ཡི་འདུག་ལ་ཉན་འདོད་ཀྱང་ཆེན་པོ་བྱུང་། སྒྲོག་འགྲེལ་བྱས་པ་དག་ཀྱང་བློ་ལ་ངེས་བདེ་པོ་འདུག”ཅེས་བསྔགས་བརྗོད་ཡང་ཡང་བྱས་པ་རེད།
         ད་དུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱི“ཤེས་བྱ་འགྲན་བསྡུར”ཡང་བྱས་ཤིང་། ཟླ་11ཚེས་8ཉིན་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་མཐུན་སྒྲིལ་གྲོང་གསར་སྡེ་ཁུལ་གྱིས་སྡེ་ཁུལ་གྱི་ལས་དོན་པ་དང་སྡེ་ཁུལ་གྱི་གྲོང་མིར་དམིགས་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྐོར་གྱི་ཤེས་བྱ་འགྲན་བསྡུར་བྱས་པ་རེད། གྲོང་མི་ཝང་སི་པིན་གྱིས་རྣམ་པ་དེ་འདྲ་སྤྱད་པ་ལས་ང་ཚོས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཤེས་རྟོགས་བྱ་རྒྱུར་ཕན་པ་ཆེན་པོ་བྱུང་ཞེས་བཤད་པ་རེད།
         ཨུ་སུའུ་གྲོང་ཁྱེར་པཱ་དབྱིན་ལུང་ཤུར་འབྲོག་རར“རྟ་ཐོག་གི་སྒྲོག་འགྲེལ་རུ་ཁག”ཅིག་ཡོད་ཅིང་། སྒྲོག་འགྲེལ་རུ་ཁག་དེ་འབྲོག་ར་དང་། གྲོང་ཚོ། ས་ཚིགས(སུའོ)བཅས་ཀྱི་ལས་སྒོའི་འཇོན་ཐང་ཆེ་བའི་ལས་བྱེད་པ་དང་དེ་བཞིན་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་ལས་གྲུབ་ཡོད། “‘རྟ་ཐོག་གི་སྒྲོག་འགྲེལ་རུ་ཁག’གིས་ཕྱོགས་གཅིག་ནས་བབ་ཆགས་ལ་གསོན་ཉམས་དོད་པའི་སྐད་ཆའི་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་དམངས་ཕན་སྲིད་ཇུས་ཁག་དྲིལ་བསྒྲགས་བྱེད་ཀྱི་འདུག ཕྱོགས་གཞན་ཞིག་ནས་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཀྱི་ང་ཚོའི་དཀའ་ངལ་སེལ་རོགས་བྱས་བྱུང”ཞེས་པཱ་དབྱིན་ལུང་ཤུར་འབྲོག་རའི་འགོ་དཔོན་ཝུའར་ཁེན་གྱིས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།