འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་གྱིས"དྲ་སྦྲེལ་+"རྒན་གསོའི་འདུ་འགོད་ལག་བསྟར་བྱས་ནས་འདྲ་བཟོའི་རྒན་
    གསོ་ཁང་བསྐྲུན་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་09ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་པར་འགྲེམས་བྱས་པའི《སི་ཁྲོན་ཞིང་ཆེན་གྱི“ལོ་ལྔ་ཚན་བཅུ་གསུམ་པའི”ན་རྒས་བྱ་གཞག་འཕེལ་རྒྱས་དང་རྒན་གསོའི་མ་ལག་འཛུགས་སྐྱོང་སྐོར་གྱི་འཆར་འགོད་》ནང་ཁ་གསལ་བསྟན་དོན། མི་འབོར་ན་རྒས་ཅན་ལ་ཁ་གཏད་བཅག་ནས་རྒན་གསོའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་ཆེད། སི་ཁྲོན་གྱིས“དྲ་སྦྲེལ་+”རྒན་གསོའི་འདུ་འགོད་ལག་བསྟར་བྱས་ནས་འདྲ་བཟོའི་རྒན་གསོ་ཁང་བསྐྲུན་རྒྱུ་ཡིན་པ་རེད།
         འཆར་འགོད་ནང་བསྟན་དོན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། སི་ཁྲོན་གྱི་རྒན་རྒོན་མི་འབོར་ལོ་རེར་ཆ་སྙོམས་ཁྲི་50ཙམ་མུ་མཐུད་འཕར་རྒྱུ་ཡིན་པ་དང་། སྔོན་དཔག་ལྟར་ན། 2020ལོར་སླེབས་སྐབས་ཞིང་ཆེན་ཡོངས་སུ་ལོ་60ཡན་གྱི་རྒན་རྒོན་མི་འབོར་ཁྲི་1866.72བར་འཕར་རྒྱུ་དང་མི་འབོར་བསྡོམས་འབོར་གྱི་22.66%ཟིན་ནས་ན་རྒས་ཅན་དུ་འགྱུར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་རྒྱུ་རེད། འོན་ཀྱང་དཔལ་འབྱོར་འཕེལ་རྒྱས་ལྟོས་བཅས་ཀྱིས་འགོར་བ་དང་། ཕྱུག་པོ་མ་ཆགས་གོང་ལ་རྒས་པ་དང་གྲ་སྒྲིག་མ་བྱུང་གོང་ལ་རྒས་པའི་དབར་གྱི་འགལ་ཟླ་མངོན་གསལ་དོད་པོ་ཡོད་པ་དང་། ལྷག་པར་དུ་གྲོང་གསེབ་ཀྱི་རྒན་རྒོན་མི་འབོར་ཇེ་མང་དུ་སོང་བ་མ་ཟད། མང་ཆེ་བ་ཐག་རིང་ལུང་ཁུག་་ཁུལ་དང་། གསར་བརྗེའི་གནས་གཞིའི་ས་ཁུལ་རྙིང་པ། ས་ཁུལ་དབུལ་པོ། གྲངས་ཉུང་མི་རིགས་འདུས་སྡོད་ཁུལ་བཅས་སུ་ཁྱབ་ཡོད་པས་ན་རྒས་ཅན་ལ་འགྱུར་བའི་གནད་དོན་དཀའ་ཚེགས་ཆེ་ལ་རྙོག་འཛིང་ཆེན་པོ་ཡོད་པ་རེད།
         རྒན་གསོའི་གནོན་ཤུགས་ལ་དམིགས་ནས་སི་ཁྲོན་གྱིས“དྲ་སྦྲེལ་+”རྒན་གསོའི་འདུ་འགོད་བདམས་ནས་ལག་བསྟར་བྱ་རྒྱུ་ཡིན་ཞིང་། འཆར་འགོད་ནང་བླང་བྱ་བསྟན་དོན། དྲ་སྦྲེལ་ལ་བརྟེན་ནས་རྒན་གསོའི་ཞབས་ཞུའི་ཆ་འཕྲིན་ཅན་གྱི་ལས་སྟེགས་བཙུགས་ནས། སྡེ་ཁུལ་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་དང་། རྒན་གསོ་ཁང་། འཕྲོད་བསྟེན་ཞབས་ཞུ་ལྟེ་གནས། ཁྱིམ་ཚང་ཞབས་ཞུ་ལྟེ་གནས་སོགས་སྒྲིག་གཞི་རྟེན་གཞིར་བྱེད་པ་དང་སྐད་གཏོང་ལྟེ་གནས་ཀྱི་ཞབས་ཞུ་བྱེད་སྟངས་ཧུར་ཐག་སྤྱད་དེ་ལས་ཁུངས་ཀྱི་ཞབས་ཞུ་དང་སྡེ་ཁུལ་གྱི་ཞབས་ཞུ་དེ་ཁྱིམ་སྡོད་རྒན་གསོ་བར་སྣུར་སྲིང་བྱེད་པ་དང་། ཁྱིམ་སྡོད་རྒན་གསོ་དང་། སྡེ་ཁུལ་གྱི་རྒན་གསོ། ལས་ཁུངས་ཀྱི་རྒན་གསོ་བཅས་ཐོན་ཁུངས་ཀྱི་ལེགས་ཆ་བསྡུ་སྒྲིལ་བྱས་ནས་ཁྱིམ་སྡོད་དང་སྡེ་ཁུལ་གྱི་རྒན་གསོ་ཞབས་ཞུའི་དྲ་རྒྱ་བསྐྲུན་རྒྱུ་ཡིན་པ་རེད། 2020ལོར་སླེབས་སྐབས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེ་ཁུལ་90%དང་གྲོང་གསེབ་ཀྱི་སྡེ་ཁུལ་60%ལ་ཁྱིམ་སྡོད་དང་སྡེ་ཁུལ་གྱི་རྒན་གསོ་ཞབས་ཞུའི་དྲ་རྒྱ་མངོན་འགྱུར་ཐུབ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།