འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་དུ་ལག་ཁྱེར་ཡོད་པའི་གསར་འགོད་པ་ཁྲི་22.8ལྷག་ཙམ་ཟིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་09ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་7ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པའི་དུས་ཆེན་ཐེངས་18པ་འཆར་བའི་མཚམས་དེར་གསར་འགོད་པས་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱས་པར། ཟླ་11ཚེས་7ཉིན་བར་རྒྱལ་ཡོངས་སུ་གསར་འགོད་པ་228327ལ་གོ་ཆོད་པའི་གསར་འགྱུར་གསར་འགོད་པའི་ལག་ཁྱེར་ཡོད་པ་རེད།
         བསྡོམས་རྩིས་བྱས་པར་གཞིགས་ན། གསར་འགྱུར་གསར་འགོད་པ་སྨྱན་སྦྱོར་གྱི་རིགས་ལ་གཞིགས་ནས་དབྱེ་ན། ཚགས་པར་གྱི་གསར་འགོད་པ་83884དང་། དུས་དེབ་ཀྱི་གསར་འགོད་པ་6198 འཕྲིན་གཏོང་ཁང་གི་གསར་འགོད་པ་2844 རླུང་འཕྲིན་ལས་ཁུངས་དང་། བརྙན་འཕྲིན་ལས་ཁུངས། གསར་འགྱུར་གློག་བརྙན་བཟོ་སྐྲུན་ཁང་གི་གསར་འགོད་པ་134250 གསར་འགྱུར་དྲ་ཚིགས་ཀྱི་གསར་འགོད་པ་1151བཅས་ཡོད་པ་དང་། གསར་འགྱུར་གསར་འགོད་པ་ཕོ་མོར་གཞིགས་ནས་དབྱེ་ན། བུ་118214ཡོད་པ་དེས་51.77%བཟུང་བ་དང་བུ་མོ་110113ཡོད་པ་དེས་48.23%བཟུང་བ་དང་། གསར་འགྱུར་གསར་འགོད་པ་ལོ་ནར་གཞིགས་ནས་དབྱེ་ན། ལོ་30མན་ཆད་27983ཡོད་པ་དེས་12.26%བཟུང་བ་དང་། ལོ་30ནས་40བར་88470ཡོད་པ་དེས་38.75%བཟུང་བ། ལོ་40ནས་50བར་75928ཡོད་པ་དེས་33.25%བཟུང་བ། ལོ་50ཡན་ཆད་35946ཡོད་པ་དེས་15.74%བཟུང་བ་བཅས་རེད། 
      

    ཕྱོགས་བསྡུས་གསར་འགྱུར།