འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཐོན་སྐྱེད་ཀྱི་འཐབ་ས་དང་པོར་ཁྱབ་པ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་09ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། “ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་ཤེས་བྱའི་ཅན་དང། རྩལ་ནུས་ཅན། གསར་གཏོད་ཅན་བཅས་ཀྱི་ངལ་རྩོལ་པའི་དཔུང་ཁག་ཆེན་པོ་བསྐྲུན་ནས་ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་བཟོ་བོའི་སྙིང་སྟོབས་དར་སྤེལ་གཏོང་དགོས། ཐོན་སྐྱེད་ཀྱི་འཐབ་ས་དང་པོའི་ངལ་རྩོལ་པ་ཚོས་ནུས་ཤུགས་འདོན་དགོས་ལ་རྔུལ་ཆུའང་འདོན་དགོས་པ་མ་ཟད། བྱང་ཚད་དེ་བས་མཐོ་རུ་བཏང་ནས་རང་ཉིད་ཀྱི་བློ་གྲོས་ལེགས་སྐྱེས་འབུལ་དགོས་ལུགས་བཏོན་ཡོད”ཅེས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་རུང་ཞུའེ་ལིང་གིས་ལས་རོགས་ཚོར་བརྗོད།
         རུང་ཞུའེ་ལིང་ནི་ཤིན་ཅང་གི་མདོག་ལྡན་ཚོགས་པ་ཀུང་སིའི་ཁེ་ལ་མ་དབྱི་ཧོ་ཐུའུ་གསེར་གཏེར་གྱི་གཏེར་འདེམས་བཟོ་གྲྭའི་ལག་སྐོར་ཉལ་ཁྲིའི་བཟོ་པ་ཡིན་པ་རེད། ཉིན་ཤས་བསྟུད་མར་ཁོང་འཁོར་ཁང་དང་ཚོགས་ཆུང་ནང་སྐྱོད་དེ་ཁེ་ལས་ཀྱི་ལས་བྱེད་ལས་བཟོ་ཚོར་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཐོན་སྐྱེད་ཀྱི་འཐབ་ས་དང་པོར་ཁྱབ་པ་བྱས་པ་རེད།
         “ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་འཁོད་པའི་མཛེས་སྡུག་ལྡན་པའི་འཆར་གཞི་ནི་འཁར་རྔ་རྡུང་ནས་འགོད་ཐུབ་པ་ཞིག་མ་ཡིན། ང་ཚོ་གཞོན་ནུ་ཚོ་ནི་དེའི་ཁྲོད་ཀྱི་ཆུ་ཐིག་གཅིག་དང་ཟེགས་མ་གཅིག་ཡིན་པས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས”ཞེས་ཕུའུ་ཁང་བཙོ་སྦྱང་བཟོ་གྲྭའི་ནིག་འཁོར་ཁང་ནང་གཞོན་ནུ་ཚོ་དང་རུང་ཞུའེ་ལིང་མཉམ་དུ་བསྡད་དེ་གྲོས་བསྡུར་ཚ་ཚ་འུར་འུར་ངང་བྱེད་བཞིན་འདུག
         ཤིན་ཅང་ཝུའུ་ཤིན་ཟངས་ལས་རྫས་འགྱུར་བཟོ་གྲྭའི་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དབྱི་ཏ་ཡ་ཐེ·པའེ་སི་ལ་མུའུ་ཡི་ལས་གཏོད་ལས་དོན་ཁང་ནང་རུང་ཞུའེ་ལིང་དང་དབྱི་ཏ་ཡ་ཐེ་ཡིས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་བྱས་པའི་མྱོང་ཚོར་གླེང་བཞིན་འདུག “ཚན་རྩལ་གསར་གཏོད་ནི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་དང་པོ་དེ་རེད། ལོ་འདི་དག་ནང་ཚན་རྩལ་ཡར་ཐོན་ཆེན་པོ་བྱུང་བ་དང་མདོག་ལྡན་ལས་རིགས་ཀྱང་དེ་མཚུངས་ཀྱིས་འཕེལ་རྒྱས་ཆེན་པོ་འགྲོ་བཞིན་ཡོད། ང་ཚོས་རྒྱུན་ཆད་མེད་པར་སློབ་སྦྱོང་བྱས་ཏེ་ཚན་རྩལ་གསར་པར་བརྟེན་ནས་ཁེ་ལས་ཀྱི་ལག་རྩལ་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་ཐོན་རྫས་ཀྱི་འགྲན་ནུས་ཆེ་རུ་གཏོང་དགོས། ང་ཚོའི་ཕྲག་ཐོག་གི་ཁུར་པོ་ལྕི་པོ་ཡོད”ཅེས་རུང་ཞུའེ་ལིང་གིས་བཤད།
         ཕུའུ་ཁང་བཙོ་སྦྱང་བཟོ་གྲྭའི་ནིག་འཁོར་ཁང་གི་བཟོ་པ་ཀྲང་ཧྲེང་ཚའེ་ཡིས་མྱོང་ཚོར་ཟབ་མོའི་སྒོ་ནས“འཐུས་མི་རུང་ཞུའེ་ལིང་གི་སྒྲོག་འགྲེལ་ཉན་རྗེས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁོང་དུ་དེ་བས་ལེགས་པ་ཆུད་སོང་། འཐབ་ས་དང་པོའི་བཟོ་པ་ཞིག་ཡིན་པའི་ངས་རང་ཉིད་ཀྱི་རྩེར་སོན་ལག་རྩལ་ལ་བརྟེན་ཏེ་ཚང་མ་དང་མཉམ་དུ་ཀུང་སི་འཕེལ་རྒྱས་ཆེད་ཐབས་འདོན་པ་དང་ནུས་ཤུགས་སྐྱེས་སུ་ཕུལ་ནས་ཁེ་ལས་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ་ཡིན”ཞེས་བཤད།
         རུང་ཞུའེ་ལིང་གིས“ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ཡིན་པའི་ངས་རང་ཉིད་ཀྱི་ལས་གནས་ལ་གཞིས་ཚུགས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བརྒྱུད་བསྒྲགས་དང་ལག་བསྟར་བྱས་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གཞི་རིམ་དུ་འོད་སྟོང་འཕྲོ་ཐུབ་པ་ཞིག་བྱ་རྒྱུ་ཡིན”ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།