འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་རྒྱུས་སྙན་ངག་ཟློས་གར་ཆེ་གྲས་《འུན་ཤིང་ཀོང་ཇོ་》ཞེས་པ་བོད་ཀྱི་རིག་གནས་ཡུལ་སྐོར་
    གྱི་བཀྲག་མདངས་འཚེར་བའི་མིང་བྱང་ལ་གྱུར་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་03ཉིན། 13:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་བོད་ཀྱི་ལོ་རྒྱུས་སྙན་ངག་ཟློས་གར་ཆེ་གྲས་《འུན་ཤིང་ཀོང་ཇོ་》ཞེས་པའི་ཟློས་གར་འཁྲབ་སྟོན་ཚོགས་ཆུང་ནས་ཤེས་རྟོགས་བྱུང་བར། 《འུན་ཤིང་ཀོང་ཇོ་》ཞེས་པ་འཁྲབ་ཐེངས་ལྔ་པ་དངོས་སུ་མཇུག་འགྲིལ་བ་དང་ཁྱོན་ཐེངས་186འཁྲབ་ནས་རིམ་རྩིས་ལྟར་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་45ལ་སྣེ་ལེན་ཞུས་ཡོད་པ་རེད། སྤ་སེ་འཚོང་ཚད་དང་འབྲེལ་ཡོད་རིག་གནས་ཡུལ་སྐོར་གྱི་ལེ་ལག་ཐོན་ལས་ཀྱི་ཡོང་འབབ་སླར་ཡང་ཆུ་ཚད་མཐོ་ཤོས་སུ་སླེབས་ནས་སྒོར་དུང་ཕྱུར་1.6ལས་བརྒལ་ཏེ་བོད་ཀྱི་རིག་གནས་ཡུལ་སྐོར་གྱི་བཀྲག་མདངས་འཚེར་བའི་མིང་བྱང་ལ་གྱུར་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཟློས་གར་དེར་ཁྱོན་འཁྲབ་སྟོན་པ་དང་ལས་དོན་མི་སྣ་800ལྷག་ཙམ་ཡོད་པའི་ཁྲོད་ས་གནས་དེ་གའི་ཞིང་འབྲོག་པས་95%ཙམ་བཟུང་ཡོད། ཉིན་མོ་རང་བརྟེན་ལས་འདེམས་དང་མཚན་མོ་འཁྲབ་སྟོན་བྱས་པ་བརྒྱུད་འཁྲབ་སྟོན་པ་མང་ཆེ་བར་གླ་ཆ་སྒོར་3000ནས་5000བར་རག་གི་ཡོད་པ་དང་ཆབས་ཅིག རྣམ་གྲངས་གནས་ཡུལ་ཚེ་མཆོག་གླིང་གྲོང་ཚོའི་མི་གྲངས་245ཡི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ་ནས་རིམ་རྩིས་ལྟར་ན་གྲོང་ཚོ་དེའི་མི་1200ཙམ་གྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས་ཡོད་པ་རེད།
         ཟློས་གར་འཁྲབ་སྟོན་ཚོགས་ཆུང་གི་འགན་འཁུར་བ་ཧུའུ་ཞི་ཡིས“2013ལོར་འཁྲབ་འགོ་ཚུགས་ཚུན་ཟློས་གར་སྐད་གྲགས་ཆོད་ཚད་ལོ་ལྟར་ཆེ་རུ་ཕྱིན་ནས་ལྟད་མོ་བ་བས་མང་བ་ལྟ་བར་ཡོང་གི་ཡོད། ང་ཚོས་《འུན་ཤིང་ཀོང་ཇོ་》ཞེས་པའི་ལས་སྟེགས་བརྒྱུད་བོད་ཀྱི་རིག་གནས་ཕྱིར་བརྒྱུད་བསྒྲགས་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་བཤད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཟློས་གར་དེ་བོད་ཀྱི་ལོ་རྒྱུས་རིག་གནས་ནང་དོན་དུ་བྱེད་པ་དང་། ལྷ་སའི་རང་བྱུང་རི་ཀླུང་རྒྱབ་ལྗོངས་སུ་བྱེད་པ། འུན་ཤིང་ཀོང་ཇོ་བོད་དུ་ཕེབས་ནས་རྒྱ་བོད་དབར་གཉེན་འབྲེལ་བཙུགས་པ་བརྗོད་དོན་གཙོ་བོར་བྱེད་པ་བཅས་བྱས་ཏེ་རྒྱ་བོད་ལོ་རྒྱུས་རིག་གནས་དང་། མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས། རང་བྱུང་མཛེས་ལྗོངས་སོགས་གང་ལེགས་མངོན་པ་བྱས་པ་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།