འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ཡིག་རིས་རིག་དངོས་ཉམས་གསོའི་མཁོ་ཆོད་དཔེ་དེབ་ཐོག་མ་དེ་དཔེ་སྐྲུན་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་03ཉིན། 13:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་གསར་འགོད་པར་ནན་ཅིང་རྟེན་རྫས་བཤམས་མཛོད་ཁང་ནས་ཤེས་རྟོགས་བྱུང་གསལ། ཁང་དེས་རྩོམ་སྒྲིག་བྱས་པའི་《ཀྲུང་གོའི་ཡིག་རིས་རིག་དངོས་ཉམས་གསོའི་མཛུབ་ཁྲིད་རྩ་དོན་》དངོས་སུ་དཔེ་སྐྲུན་བྱས་པ་རེད། དེབ་དེའི་ནང་ཡིག་རིས་རིག་དངོས་ཉམས་གསོའི་མཛུབ་ཁྲིད་རྩ་དོན་དང་། ལག་བསྟར་ཚད་གཞི། བཀོལ་སྤྱོད་དཔེ་མཚོན་བཅས་ཀྱི་ལག་རྩལ་མ་ལག་ཧྲིལ་པོར་ཆ་ལག་ཚང་བའི་རྒྱས་བཤད་བྱས་ཡོད་པ་དང་ཡིག་རིས་ཀྱི“ཚེ་ཚད”རིང་དུ་གཏོང་རྒྱུར་ཚད་གཞི་མཁོ་འདོན་བྱས་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཡིག་རིས་རིག་དངོས་ཉམས་གསོ་ནི་ཆེད་ལས་དང་། ལག་རྩལ། ཉམས་མྱོང་བཅས་ཆེན་པོ་ལྡན་དགོས་པའི་རིག་གཞུང་ཞིག་ཡིན་པ་དང་ལྷག་པར་དུ་སྤུས་ཀ་དང་། རྒྱུ་ཆ། ལོ་རབས། ལག་རྩལ་གྱི་ལུགས་བཅས་མི་འདྲ་བའི་ཡིག་རིས་བརྩམས་ཆོས་ལ་ཉམས་གསོ་བྱེད་དགོས་ཀྱི་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན་དེབ་དེ་ཡིག་རིས་རིག་དངོས་ཉམས་གསོའི་མཛུབ་ཁྲིད་རྩ་དོན་དང་། ཡིག་རིས་རིག་དངོས་ཉམས་གསོའི་མཛུབ་ཁྲིད་རྩ་དོན་གསལ་འགྲེལ། ཡིག་རིས་རིག་དངོས་ཉམས་གསོའི་བཀོལ་སྤྱོད་དཔེ་མཚོན་བཅས་ཁག་གསུམ་ལ་དབྱེ་ཡོད། ཁག་དང་པོའི་ནང་ཡིག་རིས་ཉམས་གསོའི་ལས་ཀའི་མ་ལག་ཧྲིལ་པོ་མདོར་བསྟན་ཡོད། ཁག་གཉིས་པའི་ནང་ཡིག་རིས་རིག་དངོས་ཉམས་གསོའི་མཛུབ་ཁྲིད་རྩ་དོན་དང་། ལག་བསྟར་ཚད་གཞི། བཀོལ་སྤྱོད་དཔེ་མཚོན་བཅས་ཀྱི་ལག་རྩལ་གྱི་མ་ལག་ཧྲིལ་པོ་ཆ་ལག་ཚང་བའི་ངང་གསལ་འགྲེལ་བྱས་ཡོད། ཁག་གསུམ་པའི་ནང“སྔར་ཡོད་རྣམ་པ་སོར་འཇོག”དང“སྔར་རྒྱུན་བཞིན་ཉམས་གསོ”“བསྐྱར་དུ་མཛེས་བཟོ”བཅས་ལག་རྩལ་ཐབས་ཤེས་གསུམ་ལ་བརྟེན་ནས་ཡིག་རིས་རིག་དངོས་ཉམས་གསོའི་བརྒྱུད་རིམ་ཧྲིལ་པོ་མངོན་པར་བྱ་རྒྱུ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།