འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཧེ་ལུང་ཅང་གིས་གངས་འཁྱག་ཡུལ་སྐོར་དཔལ་འབྱོར་ལས་དོན་ལ་ཤུགས་སྣོན་རྒྱག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་03ཉིན། 13:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་1ཉིན། ཧེ་ལུང་ཅང་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་དང་ཧེ་ལུང་ཅང་ཞིང་ཆེན་ནགས་ཚལ་བཟོ་ལས་སྤྱི་ཁྱབ་ཅུས་ཀྱིས་གཙོ་གཉེར་བྱས་པའི་2017ལོའི་ཧེ་ལུང་ཅང་ཞིང་ཆེན་གྱི་ནགས་ཚལ་བཟོ་ལས་ནགས་ཁུལ་གྱི་གངས་འཁྱག་ཡུལ་སྐོར་ཐོན་རྫས་འོས་སྦྱོར་ཚོགས་འདུ་དང“གངས་འཁྱག་ཨང་དང་པོའི”ཡུལ་སྐོར་མནའ་འབྲེལ་ཐོན་རྫས་གསལ་བཤད་ཚོགས་འདུ་ཚེས་1ཉིན་ཧའར་པིན་དུ་འཚོགས་ཤིང་། “གངས་འཁྱག་ཨང་དང་པོའི”མཛེས་ལྗོངས་ཁུལ་རྩེ་གྲའི་མནའ་འབྲེལ་གྱི་ཁོངས་མིའི་ཚན་པ་དང་དེ་བཞིན་ཡུལ་སྐོར་ཚོང་དོན་ཁང་དང་དྲ་རྒྱའི་བརྡར་པ་སོགས་མི་400ལྷག་ཙམ་འོས་སྦྱོར་ཚོགས་འདུར་ཞུགས་པ་རེད།
         ཚོགས་འདུའི་ཐོག་ཡ་པུ་ལི་གངས་ཤུད་ཡུལ་སྐོར་སྤྲོ་གསེང་ཁུལ་དང་། ཀྲུང་གོའི་གངས་ཀྱི་ཕ་ཡུལ། ལུང་ཅང་ཧྥུང་ཧོང་རི་བོ། ཁྲའེ་ཧོ་ཞོལ་གྲོང་ཚོ། ཧུའུ་ཧྥུང་ལིང་། གངས་འཁྱག་གི་ཞིང་ཁམས། དབན་ཏ་ཡུལ་སྐོར་གྲོང་། ཧྥུའར་ཅ་གཞིས་ཀ་སོགས་ལུང་ཅང་གི་དགུན་དུས་ཀྱི་མཛེས་ལྗོངས་ཁུལ་རྩེ་གྲ་བརྒྱད་མཉམ་དུ་ཐོག་མར་ཞུགས་ནས། སྤྱི་ཚོགས་ལས་རིགས་ཁག་ལ་འདི་ལོའི་དགུན་དུས་ཀྱི་གངས་འཁྱག་ཡུལ་སྐོར་ཐོན་རྫས་འོས་སྦྱོར་ཡག་པོ་བྱས་པ་རེད། ནགས་ཚལ་བཟོ་ལས་ཁོངས་གཏོགས་ཀྱི་མཛེས་ལྗོངས་ཁུལ་5དང་ཞིང་ཆེན་ནང་ཁུལ་གྱི་ཡུལ་སྐོར་ལས་དོན་ཁང་གི་འཐུས་མིའི་དབར་《2017ལོ་ནས་2018ལོ་འཁོར་བར་གྱི་དགུན་དུས་ནགས་ཚལ་བཟོ་ལས་མཛེས་ལྗོངས་ཁུལ་དང་ཡུལ་སྐོར་ལས་དོན་ཁང་གི་མཉམ་ལས་གྲོས་མཐུན་》ལ་མིང་རྟགས་བཀོད་དེ་མཛེས་ལྗོངས་ཁུལ་དང་ཡུལ་སྐོར་ཁེ་ལས་ཀྱིས་མཉམ་དུ་ཡུལ་སྐོར་ཁྲོམ་ར་ལེགས་སུ་གཏོང་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།