འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་གྲོང་ཚོ"ཨུ་ལྷན་གཉིས"ཀྱི་ཁོངས་མིའི་གླ་ཕོགས་ཚད་གཞི་དང་གྲོང་ཚོའི་ལས་བྱེད་
    པ་རྒན་གྲས་ཀྱི་འཚོ་བའི་ཁ་གསབ་ཚད་གཞི་སླར་ཡང་མཐོ་རུ་གཏོང་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་03ཉིན། 13:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་དུས་མཚོ་སྔོན་ཞིང་ཨུད་རྩ་འཛུགས་པུའུ་དང་། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་བཅས་ཀྱིས་《ཞིང་ཆེན་ཡོངས་ཀྱི་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཁོངས་མིའི་གླ་ཕོགས་ཚད་གཞི་དང་གྲོང་ཚོའི་ལས་བྱེད་པ་རྒན་གྲས་ཀྱི་འཚོ་བའི་ཁ་གསབ་ཚད་གཞི་མཐོ་རུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ་》བཀྲམས་ནས་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཁོངས་མིའི་གླ་ཕོགས་ཚད་གཞི་དང་གྲོང་ཚོའི་ལས་བྱེད་པ་རྒན་གྲས་ཀྱི་འཚོ་བའི་ཁ་གསབ་ཚད་གཞི་སླར་ཡང་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་གྱིས་2018ལོའི་ཟླ་དང་པོ་ནས་བཟུང་། གྲོང་ཚོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་གྲོང་མི་ཨུ་ལྷན་གྱི་ཀྲུའུ་རེན་གྱི་ལོ་འཁོར་གྱི་གླ་ཕོགས་ཚད་གཞི་ལོ་འཁོར་གོང་མའི་ཡུལ་དེའི་ཞིང་འབྲོག་པའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་ལྡབ་2ནས་ལྡབ་2.5བར་མཐོ་རུ་གཏོང་རྒྱུ་དང་གྲོང་ཚོའི་ལས་བྱེད་པ་གཞན་དག་ལ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་འགན་འཁུར་བ་གཙོ་བོའི་གླ་ཕོགས་ཚད་གཞིའི་70%ལྟར་ལག་ལེན་བསྟར་རྒྱུ་རེད། ཚད་གཞི་མཐོ་རུ་བཏང་རྗེས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་འགན་འཁུར་བ་གཙོ་བོའི་ལོ་འཁོར་གྱི་གླ་ཕོགས་ཚད་གཞི་མཐོ་ཤོས་སྒོར་ཁྲི་4.79ཟིན་རྒྱུ་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཁོངས་མི་གཞན་དག་གི་གླ་ཕོགས་ཚད་གཞི་མཐོ་ཤོས་སྒོར་ཁྲི་3.35ཟིན་རྒྱུ་རེད། གྲོང་ཚོའི་ལས་བྱེད་པ་རྒན་གྲས་ཀྱི་འཚོ་བའི་ཁ་གསབ་ཚད་གཞི་ལེགས་སྒྲིག་བྱས་པ་སྟེ། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱི་མི་རེར་ལོ་རེར་སྒོར་1120ཡིན་པ་དང་། མཚོ་བྱང་ཀྲོའུ་དང་། མཚོ་ལྷོ་ཀྲོའུ། མཚོ་ནུབ་ཀྲོའུ་བཅས་ཀྱི་མི་རེར་ལོ་རེར་སྒོར་1360ཡིན་པ། རྨ་ལྷོ་ཀྲོའུ་དང་། ཡུལ་ཤུལ་ཀྲོའུ། མགོ་ལོག་ཀྲོའུ་བཅས་ཀྱི་མི་རེར་ལོ་རེར་སྒོར་1600བཅས་ཡིན་པས་ལྡབ་གཅིག་འཕར་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།