འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།པེ་ཅིང་གིས་གྲོང་གསེབ་ཏུ་ཚེ་མཇུག་བདེ་སྐྱིད་ལྡན་པའི་ས་ཚིགས་458བསྐྲུན་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་03ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་1ཉིན། གྲོང་གསེབ་ས་ཁུལ་གྱི་རྒན་རྒོན་ལ་བདེ་སྐྱིད་དང་ལ་རྒྱ་ལྡན་པའི་བསྙེན་བཀུར་འགན་ལེན་བྱ་ཆེད། པེ་ཅིང་གིས་ཤང་དང་གྲོང་རྡལ་ཁག་ཏུ་རྒན་གསོའི་ལྟ་སྐྱོང་ལྟེ་གནས་དང་། གྲོང་གསེབ་ཏུ་ཚེ་མཇུག་བདེ་སྐྱིད་ལྡན་པའི་ས་ཚིགས། ཁྱིམ་མཚེས་ཕན་ཚུན་རོགས་རམ་བྱེད་པའི་ས་ཚིགས་ཕན་ཚུན་སྦྲེལ་མཐུད་དང་ཕན་ཚུན་གསབ་པའི་གྲོང་གསེབ་ཀྱི་རྒན་གསོའི་ཞབས་ཞུའི་མ་ལག་བཅས་བསྐྲུན་རྒྱུར་སྐུལ་མ་གང་མགྱོགས་གཏོང་རྒྱུ་རེད། སྔོན་དཔག་བྱས་ན། 2020ལོར་སླེབས་སྐབས་ཐང་ཆེན་ཁུལ་དང་རི་ཐང་ཁུལ་གྱི་ཤང་དང་གྲོང་རྡལ་ཚང་མར་རྒན་གསོའི་ལྟ་སྐྱོང་ལྟེ་གནས་རེ་ཡོད་པ་དང་། དེ་དང་དུས་མཚུངས་གྲོང་གསེབ་ཏུ་ཚེ་མཇུག་བདེ་སྐྱིད་ལྡན་པའི་ས་ཚིགས་458བསྐྲུན་ནས་རྒན་རྒོན་ཚོར་བཟའ་བཏུང་གི་ཞབས་ཞུ་དང་། བདེ་ཐང་གི་མཛུབ་ཁྲིད། སྐད་འབོད་ཞབས་ཞུ། ལྟ་སྐྱོང་ཞབས་ཞུ། སྤྲོ་གསེང་རོལ་རྩེད་བཅས་བྱེད་ནུས་ཆེ་གྲས་ལྔ་མཁོ་འདོན་བྱ་རྒྱུ་དེས་དཔལ་འབྱོར་ལ་དཀའ་ངལ་ཡོད་པ་དང་། ནུས་པ་ཤོར་བ། དྲན་ཤེས་ཉམས་པ། ལོ་ན་མཐོ་ཞིང་གཅིག་པུར་ལུས་པའི་རྒན་རྒོན་སོགས་གཙོ་གནད་འགན་ལེན་ཚོགས་སྤྱིའི་གཅིག་སྡུད་ལྟ་སྐྱོང་གི་དགོས་མཁོ་བསྐོངས་ནས་གྲོང་གསེབ་ཀྱི་རྒན་རྒོན་ཚོར་རྒས་དུས་འཚོ་རྟེན་ཡོད་པ་དང་ན་སྨན་བཅོས་ཐུབ་པ་བྱ་རེད།
             པེ་ཅིང་གྲོང་ཁྱེར་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་གཞོན་པ་གསར་འགྱུར་མགྲིན་ཚབ་པ་ལི་ཧུང་པིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར། པེ་ཅིང་དུ་གྲོང་གསེབ་ཀྱི་རྒན་རྒོན་མི་འབོར་ཁྱོན་ཁྲི་65ཡོད་པ་དེས་གྲོང་ཁྱེར་ཡོངས་ཀྱི་རྒན་རྒོན་གྱི་བསྡོམས་འབོར་གྱི་ལྔ་ཆ་གཅིག་བཟུང་ཡོད། མི་ཚོགས་འདུས་ཚད་ཉུང་བ་དང་། སྤྱི་པའི་ཐོན་ཁུངས་ཅུང་ཉུང་བ། ཆེད་ལས་ཀྱི་སྟོབས་ཤུགས་ནང་འདྲེན་དཀའ་བ་སོགས་ཀྱི་རྐྱེན་པས་གྲོང་གསེབ་སྤྱི་ཚོགས་ཀྱི་སྤྱི་པའི་ཞབས་ཞུ་བལྟོས་བཅས་ཉམས་ཞན་དང་། རྒན་གསོའི་ཞབས་ཞུའི་སྒྲིག་ཆས་འཐུས་སྒོ་ཚང་པོ་མེད་པ། ཆེད་ལས་ཅན་གྱི་རྒན་གསོའི་ཆུ་ཚད་རྗེས་སུ་ལུས་པ་སོགས་ཀྱིས་གྲོང་གསེབ་ཀྱི་རྒན་རྒོན་ཚོའི་ཞབས་ཞུའི་དགོས་མཁོ་ནུས་ལྡན་ངང་སྐོང་ཁག་པོ་ཡོད། གྲོང་གསེབ་ཀྱི་རྒན་གསོའི་ཞབས་ཞུའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་བླང་བྱ་གལ་ཆེན་ཞིག་ཡིན་ལ། གཞི་རྩའི་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུའི་བྱ་ཐབས་གལ་ཆེན་ཞིག་ཀྱང་ཡིན། འདི་ལོ་པེ་ཅིང་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་རྒན་གསོའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དེ་གྲོང་ཁྱེར་སྲིད་གཞུང་གི་གཙོ་གནད་ལས་དོན་ནང་བཅུག་ནས་གྲོང་གསེབ་ཀྱི་རྒན་རྒོན་ཚོས་དོ་སྣང་ཆེ་ཤོས་བྱེད་པའི་བཟའ་བཏུང་དང་། སྨན་བཅོས། འཚོ་བའི་ལྟ་སྐྱོང་། སེམས་གསོ་སོགས་ཐད་ཀྱི་དགོས་མཁོ་དངོས་ལ་དམིགས་ནས་གྲོང་གསེབ་ཀྱི་རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་གྲོང་གསེབ་ཀྱི་རྒན་གསོའི་ཞབས་ཞུའི་སྤུས་ཚད་ཕྱོགས་ཡོངས་ནས་གོང་མཐོར་གཏོང་རྒྱུ་རེད།
            ཚེ་མཇུག་བདེ་སྐྱིད་ལྡན་པའི་ས་ཚིགས་བཀོད་སྒྲིག་བྱ་ཚུལ་ལ་བལྟས་ན། རྩ་དོན་ཐོག་ཐང་ཆེན་ཁུལ་དང་རི་ཐང་ཁུལ་དུ་གྲོང་ཚོ་ཨུ་ལྷན་གྱི་བཀོད་སྒྲིག་ལ་གཞིགས་ནས་མི་འབོར་གཞི་ཁྱོན་དུད་ཚང་500ལས་བརྒལ་བའམ་ཡང་ན་རྒན་རྒོན་གྱི་མི་འབོར་ཅུང་མང་བའི་གྲོང་ཚོར་ས་ཚིགས་བཀོད་སྒྲིག་བྱེད་ཆོག སྒྲིག་བཀོད་ཀྱི་འབྱུང་ཁུངས་དེ་གྲོང་གསེབ་ཀྱི་བེད་མེད་དུ་ལུས་པའི་སྒྲིག་བཀོད་ཐོན་ཁུངས་དང་གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་སྤྱོད་ཆོག་པ་མ་ཟད། ཡུལ་མི་སྒེར་གྱི་སྡོད་ཁང་ངམ་ཡང་ན་བེད་མེད་དུ་ལུས་པའི་ཁང་པ་སྤྱད་ནས་གྲོང་གསེབ་ཀྱི་ཚེ་མཇུག་བདེ་སྐྱིད་ལྡན་པའི་ས་ཚིགས་བསྐྲུན་ཆོག
      

    ཕྱོགས་བསྡུས་གསར་འགྱུར།