འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དྲག་པོའི་གདོང་ཐུག་ཁྲོད་ཀྱི་
    བྱིས་པའི་ཁེ་དབང་ལ་སྲུང་སྐྱོང་བྱེད་དགོས་པའི་ནན་བཤད་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་03ཉིན། 10:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཟླ་10ཚེས་31ཉིན་ཀྲུའུ་ཞིའི་གསལ་བསྒྲགས་སྤེལ་ནས། དྲག་པོའི་གདོང་ཐུག་ཁྲོད་ཀྱི་བྱིས་པའི་ཁེ་དབང་ལ་སྲུང་སྐྱོང་བྱེད་དགོས་པའི་གལ་ཆེའི་རང་བཞིན་ནན་བཤད་བྱས་པ་རེད།
         གསལ་བསྒྲགས་ནང་། གདོང་ཐུག་ཕྱོགས་ཁག་གིས་བདེ་འཇགས་དང་། དུས་ཐོག བཀག་འགོག་མེད་པ་བཅས་ཀྱི་ཐོག་ནས་བྱིས་པར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་བྱེད་དུ་བཅུག་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་སྒྲིག་གཞི་དང་དེ་བཞིན་མཉམ་ལས་བྱེད་མཁན་ཕྱོགས་ཀྱི་ལས་དོན་ལ་བརྩི་འཇོག་བྱེད་དགོས་པའི་སྐུལ་མ་བཏང་བ་རེད།
         གསལ་བསྒྲགས་ནང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དྲག་པོའི་གདོང་ཐུག་ཕྱོགས་ཀྱིས་བྱིས་པ་བསྡུ་བ་དང་སྤྱོད་པ་དང་བྱིས་པ་དམར་གསོད་དང་། བཙན་གཡེམ། བཙན་ཁྲིད་བཅས་བྱེད་པ་དང་། སློབ་གྲྭ་དང་སྨན་ཁང་ལ་འཇབ་རྒོལ་སོགས་ཀྱི་བྱ་སྤྱོད་སྤེལ་བར་ཁ་རྡུང་བཏང་ནས། གདོང་ཐུག་ཕྱོགས་ཚང་མར་བྱེད་སྟངས་དེ་རིགས་འཕྲལ་མར་མཚམས་འཇོག་བྱེད་པ་དང་སྦྲགས། དམིགས་བསལ་གྱི་བྱ་ཐབས་སྤྱད་ནས་བྱིས་པར་སྲུང་སྐྱོང་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།གསལ་བསྒྲགས་ནང་ནན་བཤད་བྱས་དོན། དྲག་པོའི་གདོང་ཐུག་ཕྱོགས་ཀྱིས་ངེས་པར་དུ་རྒྱལ་སྤྱིའི་བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་དྲག་པོའི་གདོང་ཐུག་ཁྲོད་བྱིས་པར་སྲུང་སྐྱོང་བྱེད་པའི་འོས་འགན་ལ་སྲུང་བརྩི་ནན་པོ་ཞུ་དགོས། གསལ་བསྒྲགས་ནང་ནན་བཤད་བྱས་དོན། ཁྲིམས་འགལ་ལམ་གང་འདོད་དུ་བྱིས་པ་སུ་ཞིག་གི་རང་དབང་འཕྲོག་མི་ཆོག གསལ་བསྒྲགས་ནང་། གདོང་ཐུག་ཕྱོགས་ཚང་མས་བྱིས་པ་བཀག་ཉར་བྱེད་མཚམས་འཇོག་པ་དང་། བྱིས་པར་ཁྲིམས་གཅོད་དྲག་པོ་དང་དེ་མིན་གྱི་མི་ཆོས་ལས་འགལ་བའི་ཆད་པ་གཅོད་མཚམས་འཇོག་དགོས་པའི་འབོད་སྐུལ་བྱས་པ་རེད།
         བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ནན་བཤད་བྱས་དོན། དྲག་པོའི་གདོང་ཐུག་གི་ཤུགས་རྐྱེན་ཕོག་པའི་བྱིས་པར་དུས་ཐོག་དང་འོས་ཤིང་འཚམ་པའི་རོགས་སྐྱོབ་མཁོ་འདོན་གྱིས་ཁོང་ཚོ་སླར་ཡང་སྤྱི་ཚོགས་ནང་འདྲེས་པ་དང་ངེས་པར་དུ་རྒྱུན་གཏན་གྱི་འཚོ་བ་སྐྱེལ་རྒྱུ་ཡོང་བ་བྱེད་དགོས།
      

    ཕྱོགས་བསྡུས་གསར་འགྱུར།